༄༅།། སྐྱོ་སྣང་གི་ལྷོ་སྤྲིན།

སེམས་ཀྱི་བདེ་སྡུག་བྱང་ཁོག་གསེབ་ནས་བཞུར།།  
དུང་བའི་དྲན་གླུ་བདེ་སྐྱིད་གླིང་ནས་ཤོར།།
ནུབ་གླིང་གཞས་གླུ་ཞིག་གིས་རང་སེམས་གསོས།།
འཁྱམ་པོའི་མི་ཚེ་རྫོགས་སྟངས་འདི་འདྲ་རེད།།


 
མི་ཚེ་ཕྱེད་ཀ་ཐལ་དོང་ནང་ལ་བསྐྱལ།།          

ལོ་རྒྱུས་ལྡན་པའི་མི་ཚེ་ནག་པོར་བཟོས།། 
གསེར་སྨྱོན་འབྲོང་བུའི་ཕུགས་བསམ་ཆུ་བཞིན་གྲང་།།
མི་ཚེའི་རིན་ཐང་ཡལ་བའི་བདག་སེམས་སྐྱོ།།  
 
འདི་ནས་རྒྱང་རིང་བརྒལ་བའི་བྱང་ལམ་ན།།
ལུགས་གཉིས་སྦྱང་བརྩོན་དབེན་པའི་སྤྲང་རྒན་ང་།།
རྣམ་རྟོག་འཆར་ཡན་འཁྲིགས་པའི་སེམས་ངོགས་སུ།།
སྐྱོ་སྣང་མཚོ་མོ་འཕྱུར་སའི་འགྲམ་ན་འཚོ།།
 
ཁྲག་རྒྱུན་དྲོན་མོ་མདོ་ཁམས་ལྗོངས་ནས་འབུས།།
རྐང་བའི་གོམ་ཁ་གཙང་བོའི་གཞུང་ལ་འཐེན།།
སེམས་ཀྱི་འཆར་སྣང་རྨི་ལམ་ཞིང་ནས་བཞུར།།
མྱོང་ཚོར་དྲོན་མོ་ས་མཐའི་ཡུལ་ནས་བྲིས།།
 
བོད་ཀྱི་སློབ་གྲྭར་དང་པོ་འཛུགས་སའི་མ་སུ་རིའི་སློབ་གྲྭའིཉེ་འཁྲིས་སུ་
ལྡོམ་བུ་གསེར་སྨྱོན་ ནས་ནས་སུག་བྲིས་བགྱིས་སོ།།  ༢༠༡༢    ༡༣