ཆ་མི་སྙོམ་པའི་སྤྱི་ཚོགས། གསར་འགྱུར་ཕྱོགས་བསྒྲིགས།

ད་ལྟའི་སྐབས་བོད་ནང་གཅིག་པུར་བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་དུ་མི་གྲངས་ ༩༩ རང་ལུས་མེར་བསྲེག་བཏང་ཟིན་ཡོད་པ་རེད་ལ།    བོད་ནང་གི་བོད་མི་རྣམས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་ནང་མི་དང་ཤུལ་ལུས་ཕྲུ་གུར་ལྟ་རུ་འགྲོ་བའམ། མཆོད་འབུལ་སྨོན་ལམ། སྐུ་ཕུང་ཞུགས་འབུལ་ཙམ་བྱས་ནའང་ཁྲིམས་འགལ་དུ་བརྩིས་ཏེ་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་རེད།

གཤམ་ལ་གུས་པས་དེ་རིང་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༡ ཉིན་གྱི་བོད་མིའི་གནས་ཚུལ་ཁག་ཕྱོགས་བསྒྲིགས་བྱེད་ཀྱི་ཡིན། གནས་ཚུལ་འདིའི་ཁ་བྱང་ལ་ཆ་མི་སྙོམ་པའི་སྤྱི་ཚོགས་ཅེས་བཏག་ཡོད།
tibet་་
 བོད་ནང་གི་གནས་ཚུལ།  དེ་རིང་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་འབྲིང་རིམ་དམངས་ཁྲིམས་ཁང་གིས་བློ་བཟང་དཀོན་མཆོག་ལ་སྲོག་ཁྲིམས་བཅད་དེ་ལོ་གཉིས་ཀྱི་རྗེས་སུ་ལག་བསྟར་བྱ་རྒྱུ་དང་། ཆབ་སྲིད་ཁེ་དབང་ཚེ་གང་བོར་འཕྲོག་རྒྱུ། བློ་བཟང་ཚེ་རིང་ལ་ལོ་ ༡༠ ཡི་དུས་བཀག་བཙོན་འཇུག་དང་ལོ་གསུམ་གྱི་ཆབ་སྲིད་ཁེ་དབང་འཕྲོག་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་སྐོར་བསྒྲགས་འདུག
delhi 1
    རྒྱ་གར་གྱི་རྒྱལ་སལ་ལྡི་ལིར་བྱུང་བའི་བོད་དོན་གསར་འགྱུར།  གར་གྱི་རྒྱལ་ས་ལྡི་ལིར་གསར་པའི་བདག་ཉིད་ཆེན་པོ་གཱན་དྷིའི་པུར་ཁང་དུ་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པས་སྨོན་ལམ་གསུང་འདོན་གྲུབ་རྗེས། ས་གནས་དེ་ནས་གྲོས་ཚོགས་ལམ་ཆེན་ཇན་ཏར་མན་ཏར་བར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་དང། ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་གཙོས་མཛད་གཙོ་རྣམ་པས་སྣེ་ཁྲིད་དེ་བོད་མི་༧༠༠༠ ཙམ་གྱིས་ཞི་བའི་གོམ་བསྒྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
2013-01-31 09.35.032013-01-31-b
   རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་བོད་མིའི་གསར་འགྱུར། དེ་རིང་རྒྱ་གར་ལྷོ་ ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་གནམ་ལོ་གསར་ཚེས་ཀྱི་སྔོན་འགྲོའི་ཚོང་འདུས་ཁྲོམ་ར་ཐེངས་གཉིས་པ་དེ་བསྡུས་སོང་བ་དང་། མི་མང་གིས་འར་འུར་ཟང་ཟིང་ནང་ལོ་གསར་ཉོ་བཅའ་བརྒྱབ་སོང་། ད་དུང་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། དྭངས་ཟུར་ཚོགས་པ་བཅས་ནས་སོ་སོའི་ཚོགས་པའི་ངོས་ནས་རྒྱན་ཤོག་བཙོང་བཞིན་འདུག་ལ། ལོ་གསར་ཚེས་གཉིས་ཉིན་རྒྱན་ཤོག་སྒོ་ཕྱེ་རྒྱུ་ཡིན་པའི་གསལ་བསྒྲགས་བྱེད་བཞིན་འདུག

གསར་འགོད་པ་ནགས་ཕྲན་པ་བསོད་ནམས་ཚེ་རིང་ཡིན།