༄༅། །ངེས་དོན་སེམས་ཀྱི་གླུ་སྒྲ། །
གངས་ལྗོངས་ལགས།
ཁྱེད་རང་ནམ་ཡང་ཉམས་མི་སྲིད། ང་ཚོ་ལ་ཁ་སང་གི་ཡབ་མེས་གོང་མ་ཚོས་བཞག་པའི་སྲིད་འབྱོར་རིག་གསུམ་གྱི་དན་རྟགས་ཀྱི་རྡོ་རིང་ཡོད་ལ། དེ་རིང་གི་རིགས་ཞེན་སྙིང་ཁོངས་སུ་སྦས་པའི་གངས་ཕྲུག་ཚོས་ལ་རྒྱ་ཡི་གླུ་སྒྲ་ཡང་ཡོད། ད་དུང་དེ་ལས་ཀྱང་ཉམས་དགའ་བ་ནི། རྨད་བྱུང་ལུགས་ཟུང་གིས་འོད་སྟོང་ཕྱོགས་བཅུར་འཕྲོ་བའི་ཞི་བདེ་ཡི་དེད་དཔོན་སྐུ་ཁམས་འཚོ་ཞིང༌། ཆོས་སྲིད་ཀྱི་ལེགས་ཚོགས་གླིང་བཞི་རུ་ཁྱབ་ཅིང༌། སྐྱེ་འགྲོ་ཡིས་རྨོངས་མུན་གདོད་མ་ནས་བསལ་བཞིན་ཡོད།
སྤུན་ཟླ་ལགས།
དཔའ་མ་ཞུམ། བློ་མ་ཕམ། ང་ཚོ་ལ་གླེང་མི་ཚར་བའི་ལོ་རྒྱུས་ཀྱི་བདེན་དོན་ཡོད་ལ། བདེན་པའི་རྒྱབ་སྐྱོར་ཡང་ཡོད། བརྗོད་མི་ཚར་བའི་རིག་གཞུང་གི་འཕེལ་རིམ་ཡོད་ལ། ངོ་མཚར་བའི་མི་རབས་ཤིག་གི་གླེང་སྟེགས་ཡང་ཡོད། འཚོལ་བཞིན་པའི་རྒྱལ་ཁབ་ཅིག་གི་འདས་དོན་དང་བྱུང་རབས་ཡོད་ལ། བསྐྲུན་མྱོང་བའི་ཕ་གཞིས་ཤིག་གི་མཁར་ཤུལ་ད་དུང་ཡང་གསལ་བོར་ཡོད།
མེས་པོ་ལགས།
སེམས་མ་སྐྱོ། ཡིད་མ་ཆད། ང་ཚོ་ད་དུང་གསོན་པོ་རུ་བསྡད་ཡོད། ངེད་ཅག་ལེ་ལོ་དང་སྒྱིད་ལུགས་བག་འཁུམ་སོགས་ཀྱི་གཡང་གཟར་ནས་དལ་གྱིས་བགྲོད་དེ། སའི་གོ་ལའི་གྲུ་ཟུར་ཞིག་ན་འཛམ་གླིང་མི་མང་དང་དཔུང་གདང་སྦྲེལ་ཏེ་ཞི་བདེ་དང་བག་ཕེབས་ཀྱི་ལམ་ཕྲན་ཞིག་འཚོལ་བཞིན་ཡོད་ལ། མདུན་བསྐྱོད་ཀྱི་གོམ་ཁ་ནམ་ཡང་ལྷོད་མི་སྲིད་ལ། རང་དབང་གི་འཐབ་རྩོད་དེ་བས་ཀྱང་འཇོག་མི་སྲིད། ཕྱི་ལོ་2009ཟླ་བ་3་ཚེས་10ཉིན་ཕུལ།
