མོན་གྷོ་རུ་མཆོད་འབུལ་སྨོན་ལམ།

ཟླ་འདིའི་ཚེས་༢༧ ཉིན་གྱི་དགོང་དྲོ་ཆུ་ཚོད་༦ ༣༠ ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཐུན་མོང་གི་གོ་སྒྲིག་འོག ཉེ་བའི་ཆར་བོད་ནང་གི་དྷཱི་ཕུ་དགོན་པའི་གྲྭ་གསང་བདག་ལགས་ཀྱི་གཙོས་བོད་བསྟན་སྲིད་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་འདས་གསོན་ཡོངས་དང་

ཁོང་རྣམས་པའི་ནང་མི་སྤུན་ཉེ་བཅས་སུ་གདུང་སེམས་མཉམ་བསྐྱེད་མཚོན་དུ་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་གྱི་ལས་འགུལ་ཞིག་མོན་གྷོ་ས་གཞོན་ཚོགས་ཁང་མདུན་ཐང་དུ་འཚོགས་ཡོད་པ་རེད།

 

ལས་འགུལ་ཐོག་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་ནང་ཡོད་པའི་ས་གནས་གཞོན་ལྷན་དང་བུད་མེད་ཚོགས་པ་གཉིས་ཀྱི་ཚོགས་མི་ཡོངས་མཉམ་ཞུགས་བྱས་ཡོད་པ་དང་།  ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླང་རྗེས་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་སོགས་ཀྱི་ལས་རིམ་གྲུབ་པ་དང་། ས་གཞོན་ཚོགས་གཙོ་པདྨ་ཚེ་རིང་དང་དྲུ་ཆེ་ཐུབ་བསྟན་སྐལ་བཟང་གཉིས་ཀྱིས་རིམ་པའི་མི་མང་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་། སྐུ་ལུས་ཞུགས་འབུལ་གནང་རྒྱལ་གཅེས་དཔའ་བོ་ཁག་གཅིག་གིས་སྔ་རྗེས་སུ་བོད་མི་རིགས་བཞག་པའི་ཞལ་ཆེམས་ཁག་གཅིག་སྒྲོགས་སྦྱང་གནང་གྲུབ་པ་དང་།  ཆུ་ཚོད་༡་ཙམ་གྱི་རིང་མཎི་བསྔོ་སྨོན་དང་ཚད་མེད་ཡོན་ཏན་སོགས་གསོག་སྒྲུབ་གནང་སོང་ལ།    དེ་ནས་བྱང་ཆུབས་སེམས་མཆོག་མ་གྱེར་འདོན་གནང་བཞིན་ཁོངས་སོ་སོར་ལོགས་ནས་ལས་འགུལ་མཇུག་གྲོལ་ཡོད་པ་རེད།

མོན་གྷོ་གསར་འགོད་པས།