༄༅།། སྤྱི་འཐུས་ཤིག་གི་ཞལ་ནས་མི་སྐད་ཤོར་པ།

༄༅།།  སྤྱི་འཐུས་ཤིག་གི་ཞལ་ནས་མི་སྐད་ཤོར་པ། 

གློ་སྙིང་གི་ངོ་ཁ་ན་བཞུར་བའི་སེམས་གཏམ་དམར་རྗེན་མ་ཞིག་ཐེར་འཐོན་བྱས་སོང་། 

གུ་ཡངས་སྒམ་དཀྱེལ་་གྱི་ལྟ་གྲུབ་འདི་ལ་རྒྱབ་སྐྱོར་དང་སེམས་ཤུགས་འཕར་མ་སྐྱེས་སོང་།

 

 

  

མི་མང་ཚོའི་མཐར་ཐུག་གི་འདོད་བློ་དེ་ངོ་ཤེས་ངོས་ཟིན་དགོས་པ་རྩ་བའི་དོན་སྙིང་གཅིག་རེད།

མང་གཙོའི་གཞུང་ལུགས་སྟེང་ནས་བདེན་དོན་དངོས་ཚུལ་གླེང་བརྗོད་གནང་ཐུབ་པ་རང་ཉིད་ཀྱི་ཐོབ་ཐང་རེད། 

 

མང་གཙོའི་སྒྲོམ་གཞི་ལས་མ་འགལ་པ་ཞིག་གི་སྟེང་ནས་བོད་མིའི་རེ་འདོད་གླེང་མོལ་བྱ་རྒྱུ་གལ་ཆེན་ཡིན།

སྒེར་གཅོད་དང་འཇིགས་སྐུལ་བྱས་པ་ཙམ་གྱིས་ཅི་ཡང་མི་ཕན་པས་ཐུགས་བསམ་ཞིམ་མོལ་གཏོངདགོས།

རྒྱང་རིང་ལ་ཕུགས་བསམ་ལྷོད་པོར་གནང་སྟེ་བཀའ་མོར་དང་དཔྱད་བརྗོད་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པར་སེམས། 

 

དེ་མེད་ན་བཤད་ཡམ་ཙམ་དང་ལག་ལེན་མེད་པར་ག་འདྲ་ལབ་ན་སྙིང་པོར་གང་ཡང་མ་མཆིས།

ཅིག་ཅིག་དང་མིག་མིག་དང་འགལ་འགྲོ་རེད་ལབ་རྐྱང་བྱས་པ་ཙམ་ཀྱིས་རྒྱུ་མཚན་

གང་ཡང་མེད་པའི་ཕྱིར་ན་ཐུགས་བསམ་གནང་དགོས།

 

ཁ་ནས་ལབ་ཡ་དབུ་མ་དབུ་མ་ལབ་ཡ་སླ་བོ་རེད་དོན་གནས་སུ་ཐུགས་བསམ་བཞེས་མེད་པའི་བཟོ་ལྟ་གང་མང་་མཐོང་རྒྱུ་འདུག།

དབུ་མ་ལབ་ཡ་དེ་ནང་བསྟན་ཐེག་ཆེན་གྱི་གཞུང་གི་མིང་ཚིག་ཅིག་རེད་ཤག།

 

དེ་ཚོ་རྙོག་གྲ་ཧ་ཅང་མང་པོ་རེད་དེ་ལ་འབྲེལ་བཤད་དང་དཔྱད་བརྗོད་གྲངས་མེད་ཞིག་ཡོད་པ་རེད།  དཔེར་ན་མཐའ་བཞི་དང་བྲལ་ཚུལ་མཐའ་གཉིས་དང་བྲལ་ཚུལ

མཐའ་བརྒྱད་དང་བྲལ་ཚུལ་སོགས་མང་པོ་གསུངས་རྒྱུ་འདུག།

 

ད་དུང་ས་དགེ་རྙིང་སོགས་ཀྱིས་དབུ་མའི་མཐའ་ངོས་འཛིན་ཚུལ་མཐའ་མེད་རྫོགས་མེད་བཤད་ཡ་ཡོད་པ་ཞིག་རེད།

 

འབྱུང་འགྱུར་ཆོས་བརྒྱུད་ཁག་གི་ནང་དུ་རྙོག་གྲ་དང་འགལ་འདུ་སྣ་ཚོགས་འབྱུང་རྐྱེན་ཧ་ཅང་ཆེ།

གང་ཞེ་ན་རྙིང་མའི་གཞུང་གི་དབུ་མའི་མཐའ་ངོས་འཛིན་ཚུལ་མི་མཐུན་སོགས་དང་དགེ་ལུགས་པའི་ཁོང་གི་གྲུབ་མཐའ་དང་མཐུན་ཚུལ་དང་ལྟ་གྲུབ་ཟབ་ཤོས་ཡིན་ཚུལ་དང་ས་སྐྱའི་ཕྱོགས་ཀྱི་གོ་ཤག་སོགས་ཀྱིས་དབུ་མ་ ངོས་འཛིན་ཚུལ་དང་འགལ་ཚུལ་བཀའ་བརྒྱད་པའི་ཁོང་གི་གྲུབ་མཐའ་ལ་གནོད་ཚུལ་སོགས་ཀྱིས་རྙོག་གྲའི་ རི་ལུང་བགད་ཀྱིས་ཉེན་ཁ་ཡོད་པར་སེམས།

 

དེས་ཕྱིར་ན་རྙོག་གྲའི་ནང་དུ་རྙོག་གྲ་རེད་ཐབས་ལམ་གཞན་ཞིག་མ་བརྒྱུད་བར་ཏུ་

དངོས་གནས་ཁག་པོ་རེད།  ཐབས་ལམ་གཞན་ཞིག་ཡོད་པ་དེ་རང་བཙན་ཁོ་ན་མ་གཏོགས་གཞན་གང་ཡང་སྟོན་གྱི་མེད་པ་དེ་རེད།

 

བློ་གཅིག་རྩེ་གཅིག་ངང་ནས་རང་བཙན་ཕྱོགས་སུ་འཐབ་རྩོད་གནང་རྒྱུ་འདི་ཁོ་ན་རེད། དེ་ཡིན་ན་རྩོད་ལན་བྱེད་མཁན་དང་ཆབ་སྲིད་ཀྱི་སྟེགས་བུ་མཐོན་པོར་ཡོད་མཁན་ རྣམས་ཀྱིས་གཞིས་བྱེས་གཉིས་ཀྱི་མི་མང་གི་འདོད་བློ་མགོ་ཚོ་པ་ཞིག་དང་རྒྱས་ལོན་དགོས་པ་རྩ་དོན་གྱི་སྙིང་བཅུད་ཡིན་པར་སེམས།  

 

རྩ་དོན་དང་མང་གཙོའི་གཞུང་ལུགས་གཞིར་བཞག་སྟེང་ནས་བགྲོ་གླེང་དང་ བསམ་ཚུལ་བརྗོད་མཁན་རྣམས་ལ་རྒྱ་ནག་གི་རྒྱུག་ཁྱི་དང་དོལ་རྒྱལ་སོགས་སུ་འབྲེལ་བ་ ཡོད་ཚུལ་གྱིས་རྟོག་བཟོ་དང་སྒྲོ་བཏགས་སྣ་མང་ཁྱབ་སྤེལ་བྱེད་ལུགས་ལ་ལྟོས་དང་ ཆ་མཐུན་དང་ཅིག་སྒྲིལ་གྱི་གཞི་རྩ་ངོས་མ་ཟིན་པར་སྟོང་ལབ་བྱས་པ་ཙམ་གྱིས་གང་ཡང་ཕན་པ་མེད།

 

དངོས་དོན་དྲང་ཕྱོགས་སུ་གོམས་ཁ་བསྒྱུར་ཏེ་འཁྱོག་བཤད་སོགས་དོར་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆོད་སེམས་དང་བློས་བཏང་ལ་བསྐྱར་ཞིབ་ གནང་རྒྱུ་དང་དྲང་བདེན་དང་ལོ་རྒྱུས་ལྡན་པའི་རྩ་དོན་ནུས་པ་གཅིག་སྒྲིལ་གྱིས་ སྟེང་ནས་རང་བཙན་གྱི་ལྟ་གྲུབ་ལ་གོམ་གང་མདུན་མཆོང་དང་ནུས་པ་རྩ་དཀྲུག་སོགས་ཀྱིས་དུས་ལ་བབ་པ་ཡིན་པས་ལྟ་བ་

འཁྲེག་པོ་དང་མགོ་བདེ་བོ་མི་བཟོ་པར་འཕྱར་བ་གྲུ་འདེག་དགོས་སོ། 

 

བོད་ནང་ཁུལ་གྱི་མཁས་དབང་ཚོའི་ནུས་པ་ཅིག་སྒྲིལ་གྱིས་སྟེང་ནས་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་གནང་དང་གནང་བཞིན་པ་དེ་ཚོ་མཐོང་སྐབས་བཙན་བྱོལ་ ནང་དུ་བཞུགས་མཁན་ཚོ་ཁ་སྐྱེངས་དགོས་པ་ཞིག་མ་རེད་དམ། 

 

བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་དབུ་མ་སོགས་ཞེས་མིང་སྐམ་པོ་རེ་ཁུར་ནས་ དཀྲོག་གཏམ་དང་གཡོན་ལྷུང་སྤེལ་མཁན་གྱིས་རིགས་སུ་གཙང་སེལ་དགོས་པ་གནད་བབ་ཀྱིས་འགན་ཁུལ་དགོས།

 

གཤེགས་ཟིན་པའི་ཚེ་སྲོག་གིས་མེ་མཆོད་གནང་མཁན་རྣམས་ཀྱིས་ཐུགས་དགོངས་རྫོགས་ཡ་ཞིག་ལ་འབད་བརྩོན་གནང་རྒྱུ་གལ་ཆེན་

ཡིན་པས་ཐུགས་གཏིང་ནས་ནམ་རྒྱུན་བརྗེད་མི་རུང་།  

 

ང་ཚོའི་ཐུན་མོང་གིས་དམིགས་ཡུལ་གཅིག་ཡོད་པ་དེ་ཡོངས་རྫོགས་ཀྱིས་མཁྱེན་གསལ་རེད། ནམ་རྒྱུན་ལབ་བཞིན་ཡོད་པ་དེ་དམིགས་ཡུལ་གཅིག་དང་འབོད་སྒྲ་གཅིག་ཞེས་ གོ་དོན་ལ་བསམ་གཞིག་ཡག་པོ་དང་སློབ་སྦྱོང་བྱ་རྒྱུ་གལ་ཆེན་རེད་སྙམ་མོ། 

 

རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར་བོད་མི་རང་གི་རྩ་དོན་རང་ཉིད་ཀྱིས་འབད་བརྩོན་དང་འགན་ཁུལ་ལེན་ཡ་འུ་ཅག་གིས་ལྷན་འཛོམས་

གསར་བའི་སྙིང་ནོར་གསོན་ཤུགས་ལྡན་པ་དེ་ཁོ་ན་ཡིན་པས་སེམས་སུ་ཉར་དགོས་སོ།

 

དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་སུ་

འབོད་པས་ཧི་མ་ལ་ཡི་རི་འདབས་ཤིག་ནས་སུག་བྲིས་བགྱིས་སོ།  ༢༠༡༣  ༤  ༢