ཁ་རྫིག་ཁོག་སྟོང་།
དུས་བབ་སྤྱིའི་འདོན་ཐེངས་༥༨༨ རྩོམ་སྒྲིག་པའི་གཏམ་༼ མཚམས་འཇོག་གསུམ་༽ ཟེར་བའི་ཁ་རྫིག་ཁོག་སྟོང་གི་སྨྱོ་གཏམ་ལ་གཟིགས་དང་དྲ་གྲོགས་ཚོ།
བོད་མི་སྒྲིག་འཛུགས་ཀྱི་མགོ་བྱེད་བཀའ་ཁྲི་དང་བཀའ་བློན་རྣམ་པ་་་་ཚོགས་གཙོ་དང་ཚོགས་གཞོན་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་མཚམས་གཟིགས་སྐབས་༧གོང་ས་མཆོག་གང་ཞིག་ཏུ་ཆིམས་བསྒྱུར་བསྐྱངས་བ་དང་སྟོབས་སྟོན་འགྲོ་ན་མ་གཏོགས་རྒྱལ་ཁབ་གཞན་གྱིས་སྲིད་འཛིན་སྲིད་བློན་ཕེབས་པ་བཞིན་མི་མང་འདུ་ཚོགས་ཆེན་པོ་དང་གནད་ཡོད་མི་སྣ་ཐུག་འཕྲད་སོགས་གང་ཡང་བྱེད་མི་ཐུབ་ད་དུང་དུས་བབ་ཚང་གིས་ཤེས་མེད་པ་འདྲ།
འདིའི་སྐོར་བཀུར་འོས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ནང་གསལ་བཤད་རྒྱས་པ་ཞིག་གནང་ཡོད་པ་དེ་ཡང་དུས་བབ་ཚང་གིས་ཤེས་མེད་པ་རེད་དམ།
མདོ་ན་རྟ་རྒན་དྲིན་ལ་བན་རྒན་དབུས་ལ་སོང་མི་དགོས་པའི་ཐབས་ཤེས་ཡོད་ན་ངོ་མ་ཁྱེད་དུས་བབ་ཚང་བཟང་། གཞན་ཁ་རྫིག་ཁོག་སྟོང་ཙམ་སུས་ཡང་བཤད་ཤེས།