མི་ཡུལ་གྱི་ལྷ་སྲས་ཆུང་ཆུང་།
མི་ཡུལ་གྱི་ལྷ་སྲས་ཆུང་ཆུང་།
ཁྱེད་ཞོགས་པའི་ཉི་གཞོན་དང་ལྷན་དུ
མཐོ་སྒང་གི་འཇིག་རྟེན་འདིར་བྱོན་དུས
ང་ཚོས་དགའ་བའི་བྲོ་གར་འཁྲབ་མྱོང་ལ
སྐྱིད་པའི་གླུ་གཞས་ཀྱང་བཏང་མྱོང་
ཡིན་ནའང
དེ་ནི་སྐད་ཅིག་མ་གཅིག་སྟེ
ནམ་མཁའ་སྤྲིན་དག་གིས་བསྒྲིབས་ཤིང་
ས་གཞི་ཡོད་ཚད་མུན་པས་ཁྱབ་སོང་བས
ང་ཚོས་བགྲང་བྱ་བཅོ་བརྒྱད་ཀྱི་ཡུན་ལ
ཁྱེད་ཁོ་ན་གླེང་གིན
ཁྱེད་ཁོ་ན་འཚོལ་གྱིན་ཡོད
མི་ཡུལ་གྱི་ལྷ་སྲས་ཆུ་ཆུང
དེ་རིང་ངའི་མིག་ལམ་ན་གཡོ་བའི
གཟུགས་རིས་ཡོད་ཚད་ཀྱིས
ཁྱེད་དྲན་གྱིན
ཁྱེད་གླེང་གིན་འདུག
ངའི་སྒྲ་འཛིན་གི་བུ་ག་རུ
ཐོས་ཡོང་བའི་སྒྲ་སྐད་ཐམས་ཅད
ཁྱེད་ཀྱི་རྗེས་དྲན་གྱི་དབྲངས་རྟ་ཁོ་ནའོ
མི་ཡུལ་གྱི་ལྷ་སྲས་ཆུང་ཆུང
འུ་ཅག་གིས་གྱེས་གདུང་གི་ན་ཟུག་གྲངས་མེད
ཅིག་མྱོང་དགོས་དོན་འདི་ཅི་ཞིག་ཡིན་ནམ
ཡང་ན
ཁ་གཏད་དེ་བཙན་དྲག་པས་ཡིན
པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་མ་རིན་པོ་ཆེ་སྐུ་འཁྲུངས་ནས་ལོ་འཁོར་ནེར་བཞི་ལོན་པའི་རྗེས་དྲན་གྱི་ཆེད་དུ་བྲིས།
༢༠༡༣་༤་༢༥ལ།