ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུ་ཕེན་གྱིས་རང་སྲོག་གཅོད་རྩིས།

taiwan_chen_cnaཟླ་འདིའི་ཕྱི་ཚེས་༣ ཉིན་ཐེ་ཝན་ཁྲིམས་དོན་བློན་ཆེན་ལས་ཁུངས་ཀྱི་ཡན་ལག་ཡོ་བསྲང་ལྷན་ཁང་གིས་འགྲེལ་བརྗོད་བྱས་པར་གཞིགས་ན། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུ་ཕེན་གྱིས་ལག་ཕྱིས་(ཨ་ཅོར)བཀོལ་ཏེ་རང་སྲོག་གཅོད་གྲབས་བྱེད་སྐབས། འབྲེལ་ཡོད་བཙོན་སྲུང་བས་བཀག་འགོག་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༣ ཉིན་ཐེ་ཝན་ཁྲིམས་དོན་བློན་ཆེན་ལས་ཁུངས་ཀྱི་ཡན་ལག་ཡོ་བསྲང་ལྷན་ཁང་གིས་གསར་འགྱུར་སྙན་ཐོ་ཞིག་བརྒྱུད་སྒྲོག་བྱས་པའི་ནང་། ཕྱི་ཚེས་༢ ཉིན་གྱི་དགོང་མོར་སྲིད་འཛིན་ཟུར་པ་ཁྲེན་ཧྲུ་ཕེན་གྱིས་བཙོན་ཁང་གི་ཉལ་ཁང་ཏུ་ལག་ཕྱིས་བཀོལ་ཏེ་རང་སྲོག་གཅོད་གྲབས་བྱེད་སྐབས། བཙོན་ཁང་གི་ལྟ་སྲུང་མི་སྣས་ཤེས་ཏེ་ལམ་སང་བཀག་འགོག་བྱས་ཡོད་པ་དང་། ཁོང་གི་སྐུ་གཟུགས་ལ་བརྟག་དཔྱད་བྱས་པ་བརྒྱུད་གནོད་སྐྱོན་ཆེན་པོ་བཟོས་མེད་པ་རེད།

taiwan_chen_cna

བཙོན་ཁང་གི་ལྟ་སྲུང་ཁྱད་ལས་མི་སྣས་ཆེད་དུ་འགྲེལ་བརྗོད་བྱས་པར་གཞིགས་ན། ཁྲེན་ཧྲུ་ཕེན་གྱིས་ཉེ་ཆར་མང་གཙོ་ཡར་ཐོན་ཚོགས་པར་བསྐྱར་ཞུགས་ཀྱི་སྙན་ཞུ་ཞིག་ཕུལ་བ་དེར་ལམ་ལྷོང་མ་བྱུང་དང་། དེའི་ཁར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་<<རྩིས་ཁྲའི་ཁྲིམས་ལུགས་>>བརྒྱ་དང་དགུ་ཅུ་གོ་དགུའི་ནང་གསེས་དོན་ཚན་ཞིག་བསྐྱར་བཅོས་ཐེངས་གསུམ་བྱས་པ་དེར་འདོད་པ་མ་ཁེངས་པས་ཡིན་འདུག

རྩ་ཁྲིམས་བསྐྱར་བཅོས་དེ་ནི་དམིགས་བསལ་འགྲོ་གྲོན་གྱི་ཉེས་པ་གུ་ཡང་གི་ཁྱབ་ཁོངས་ཇེ་ཆེར་བཏང་སྟེ་དམངས་སེམས་མཚོན་པའི་དམིགས་བསལ་འགྲོ་གྲོན་དང་། སློབ་དཔོན་གྱི་ཞིབ་འཇུག་འགྲོ་གྲོན་སོགས་ཡིན་པ་རེད།

ཡོ་བསྲང་ལྷན་ཁང་གིས་བརྗོད་པ་ལྟར་ན། ཁྲེན་ཧྲུ་ཕེན་གྱིས་བསམ་པར་“ཆང་རག་བག་མེད་ཀྱི་ཉེས་པ་མེད་པ་བཏང་ཡིན་ན།    ཕྱི་འབྲེལ་གྱི་ཁོངས་སུ་གཏོགས་པའི་རྒྱལ་དོན་གསང་ལས་གྲོན་དངུལ་གྱི་ཉེས་པ་ཅིའི་ཕྱིར་མེད་པ་མ་བཟོས་པ་རེད་”ཅེས།  རང་སྲོག་བཅད་པའི་བྱེད་ཐབས་ལ་བརྟེན་ནས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་པ་ཞིག་ཡིན་པ་རེད།

ཐེ་ཝན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ལི་ཅ་ཧྥན་གྱིས། “སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་དོན་བློན་ཆེན་ལས་ཁུངས་ལ་ཁྲེན་ཧྲུ་ཕེན་གྱི་སྐུ་གཟུགས་བདེ་འཇགས་དང་ལུས་སེམས་གནས་སྟངས་ལ་ལྟ་རྟོག་ཡག་པོ་བྱེད་དགོས་པའི་རེ་འདུན་བཏོན་ཡོད་ཅེས”་འགྲེལ་བརྗོད་བྱས་ཡོད་པ་རེད།

ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུ་ཕེན་ནི་ལྐོགས་ཟ་རུལ་སུངས་དང་འབྲེལ་བའི་ཉེས་མིང་འོག ༢༠༡༠ ལོའི་ཕྱི་ཟླ་༡༢ པའི་ནང་འཇུ་བཟུང་བཙོན་འཇུག་པ་དང་། ལོ་༡༨ ཀྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་རེད།།