༄༅།།དེ་རིང་གི་སེམས་པ།

མ་གིའི་རི་ལུང་གི་ཐང་གཞུང་ན་རྒྱང་ལྟ་རེ་བྱས་ཀྱང་

ལོ་ཟླ་དུ་མར་རེ་བསྒུགས་བྱས་པའི་སེམས་པ་དེ་སྣང་ཡུལ་ལས་འདས

དྲན་འཛིན་ན་འཁོར་བའི་རྟོག་བཏགས་ཡོད་ཚད

ཁ་སང་མཚན་མོའི་རྨི་ལམ་བཞིན་ཅི་ཡང་མི་སྣང

ལྟོས་དང་

ཁ་སང་འདབ་རྒྱ་བཞས་པའི་མེ་ཏོག་དེ་

དེ་རིང་སུ་ཞིག་གི་རྐང་འོག་ན་འཚོ་བཞིན་འདུག

ཁ་སང་ཆེས་ཐོག་མའི་འཇིག་རྟེན་ན་ཕེབས་པའི་གཡང་དཀར་དེ

དེ་རིང་གང་ཞིག་་གི་མཚོན་མཁའ་ནས་འདས་སོང་

ཁོད་ཡངས་པའི་འཇིག་རྟེན་གྱི་བཀོད་པ་ལ་ཞིབ་ལྟ་རེ་བྱོས་དང

འགྱུར་མདོག་ཅི་འདྲའི་ཆེ་ཨང

འདི་ལྟར་དུས་ཚོད་ནི་འགྲོ་བའི་ཆོས་ཉིད་དུ་གྲུབ་པས

ལོ་ཟླ་གང་མང་ཞིག་ཤུགས་ཀྱིས་འདས་སོང

འོན་ཀྱང

ངའི་ཡ་ཆུང་ན་གསལ་ལེར་འཆར་བའི་སེམས་པ

ད་དུང་ཡང་ངའི་སྣང་ཡུལ་ལས་འདས

དུས་ད་ལྟ་ང་ལ་མཚོན་ན

མིག་ཟུང་གི་སྣང་ཡུལ་ཡོད་ཚད་སྟོང་ལྷང་ངེར

སྟོང་པ་ནི་སྟོང་པ་ཡིན་པས་ཅི་ཡང་མ་གྲུབ

ངས་ད་དུང་སྟོང་པ་འདི་ལ་ཞེན་ཆགས་དང་རེ་ལྟོས་བྱེད་རེགས་སམ

གཏན་ནས་མི་འགྲིག

དེས་ན་ངས་རྟོགས་བཏགས་གི་སེམས་པ་རྒྱང་དུ་གཡུགས་ནས

ཆེས་མཛེས་སྡུག་ལྡན་ལ་འོད་སྟོང་འབར་བའི་འཇིག་རྟེན་ཞིག་ལ་རེ་བསྒུག་བྱ་ན་འདོད།།      །།