ཕུག་རོན་དཀར་མོའི་གསང་འཕྲིན།

ཤ་ཚ་སྙིང་ནས་བོད་ལ་དུང་ཞེན་ཞིག་ཡོད་ན།

གཡོ་སྒྱུ་ཁྲམ་གསུམ་རྗེས་སུ་གཡམ་རྒྱུགས་ཤིག་མིན་པར།

རང་བློས་དཔྱད་གསུམ་འཇུགས་པ་ཡང་དག་ལ་བརྟེན་ནས།

བདེན་པའི་རང་དབང་རྩོད་ལ་སྤོབས་པ་ཞིག་མ་ཉམས།

 

ཅེ་སྤྱང་དམར་པོའི་མཆེ་སྡེར་གཙིགས་པ་ཡི་བར་ནས།

ཚེ་སྲོག་ལྷག་འཕྲོ་མ་ཆད་སྲིད་འདི་རུ་གནས་ན།

གདོད་ནས་ཡ་ཐོག་ནས་བཟུང་ཡབ་མེས་ཀྱི་རེ་འདུན།

ཡང་མཛོད་བཅུད་དུ་བསྟུམས་ཤིག་ཕ་བཟང་གི་བུ་ལོ།

 

རེ་སྒུག་གོམ་ཁ་ལྕི་མོ་རྒྱང་རིང་ལ་གཏད་པས།

བརྩེ་ཆེན་ཕ་མ་ཟུང་གིས་འུ་ཅག་ལ་བཅིངས་བའི།

ལྷག་བསམ་དྲོན་མོ་དེ་ལ་རམ་འདེགས་ཤིག་བྱོས་དང༌།

འདི་ཕྱི་ཀུན་ཕན་གཏན་བདེའི་ལེགས་ཚོགས་ཤིག་འགྲུབ་ཡོང༌།

 

 

འདི་དག་བདག་གིས་ཡ་ཆུང་སེམས་ཁུངས་སུ་སྦས་པས།

ལྷད་མེད་སེམས་ཚོར་དྲག་པོ་སྨྱུག་རྩེ་ནས་ལུད་དེ།

དྭངས་གཙང་ཤོག་དཀར་ངོས་སུ་ཐོལ་བྱུང་དུ་བཀོད་འདིའི།

ཕན་འབྲས་གངས་ལྗོངས་བུ་རབས་ཚ་རྒྱུད་ལ་སྨིན་ཤོག                       

 

                   ༢༠༠༩ ཟླ་༣ ཚེས་༡༦ ཉིན་བོད་དུང་བས་བྲིས།