༄། ཨ་རིའི་ཕོ་གསར་དང་ཤར་ཕྱོགས་པའི་ཕོ་གསར་གཉིས་ཀྱི་ཁྱད་པར།།

——རྒྱ་མོ་ཞིག་གི་ཉམས་མྱོང་གི་སྐད་ཆ་རེད། ཨ་རི་བས། སྔོན་འགྲོའི་ལྟ་གོན་དང་དངོས་གཞིའི་ཕྱག་ལེན་དེ་བཞིན་མཇུག་ཡོངས་རྫོགས་ཀྱི་བདེ་བ་སྟེ་འདོད་པའི་ཡོན་ཏན་ཆ་ཚང་མྱོང་བའི་དེང་རབས་ཕོ་མོའི་འཁྲིགས་སྦྱོར་སྒྱུ་རྩལ་གྱི་ཐད་ལ་ནི། ཨ་རིའི་ཕོ་གསར་ཚོ་ཕུལ་ཏུ་ཕྱིན་པ་ཞིག་རེད་ཟེར། སྔོན་ཆད་ཤར་ཕྱོགས་པའི་མཉམ་ཏུ་མགྱོག་རྒྱོ་རྟ་ཐོག་མ་རེ་འདུར་རྒྱུག་བྱས་པས་རྩ་བ་ནས་མྱངས་མ་མྱོང་བའི་ཚོར་སྣང་བདེ་བ་མང་པོ་ཞིག་ལ་རོལ་མྱོང་བྱེད་ཤེས་སུ་བཅུག་སོང་ཟེར། ཤར་ཕྱོགས་ཕོ་གསར་ལ་བསྡུར་ན་ཨ་རིའི་ཕོ་གསར་ཚོས་དུས་ཡུན་ཡང་རིང་པོར་དག་ཙམ་རིང་ཡང་མཁྲེགས་པོ་དེ་ཙམ་མེད་པའི་འགྲེང་བའི་རྡོ་རྗེས་པདྨའི་འོ་ཟངས་དཀྲུག་ཐུབ་ཀྱི་འདུག་པ་དེ་ནི་དགེ་མཚན་ཆེའོ་ཟེར།

དེ་ནས་ཁ་སྙན་པ་ལ་ནི་ཚོད་ཅིག་མི་འདུག་ཟེར། སྐད་ངག་ཧ་ཅང་འཇམ་པོའི་ངང་ནས་ངའི་གཅེས་ཕྲུག་དང་། ཞིམ་མངར་གྱི་སྙིང་ཆུང་དམར་པོ་དང་སྦྲང་རྩིའི་བུ་མོ་སོགས་མ་གཏོགས་ལབ་ཀྱིན་མི་འདུག་ཟེར། ད་དུང་གོམ་པ་གང་ཁ་གྱེས་ནའང་ལག་གཉིས་ཀས་བཟུང་ཏེ་བྲང་ལ་དམ་པོར་བསྡམས་ནས་ཁ་ལ་འོ་ཞིམ་པོ་རེ་བྱེད་པ་དང་། དུས་ཚོད་ཕྱེད་ཀའི་ནང་ཙམ་ལ་མ་ཐུག་པ་ཡིན་ནའང་ཐུག་མ་ཐག་ཏུ་སྐེ་ལ་འཐམས་ནས་ཁ་དང་ཁ་སྦྱར་ཞོར་ལྕེ་ལེས་ལྕེ་ལེ་འཇིབ་ཀྱིན་འོ་ཞིམ་ཐག་ཆོད་རེ་བྱེད་ཀྱི་འདུག་ཟེར། ཤར་ཕྱོགས་པས། སྦྱོར་དངོས་རྗེས་གསུམ་གང་ཡང་མི་ཤེས་ཤིང་། འཕུར་མཉེད་ལྡག་གཞིབ་ཅི་ཡང་མི་མཁྱེན་པར། སོར་བཞིའི་རིང་ཐུང་ཙམ་གྱི་ཕོ་རྩ་སྦོམ་པོ་དེ་ཤི་ཐབས་ཁོ་ན་ལ་བརྩོན་བཞིིན། དམག་དཔུང་ཞིག་གམ། དགྲ་ཇག་ཅིག་གིས་རྒྱབ་ན་འདེད་ཀྱིན་མེད་དམ་སྙམ་པས། བྲེལ་བ་ཚུབས་ཚུབས་ངང་དབུགས་ཀྱིས་དབུགས་མི་ནོན་པར་སྤངས་རྒོད་ལ་ཕུར་བ་རྡེབ་རྡེབ་བྱས་པ་དེས། ཕོ་རྟགས་མཁྲེགས་པོ་གྱེན་འགྲེང་དེ་ཡིད་ཙམ་ཞིག་ནས་ཤི་འགྲོ་ན་ཡང་། མོ་མཚན་ཟབ་མོ་ལ་ནི་འབྲས་བུ་བདེ་བ་ཅི་ཡང་མི་མྱོང་བ་མ་ཟད། ད་དུང་བྱ་ལེ་ལྷབ་ལྷུབ་དེ་ལུག་ལུག་ཆགས་ནས། ཆགས་པ་སྐྱིད་པོ་ཞིག་གཞི་ནས་འགོ་འཛུག་ཡོང་ནའང་། མཇེ་ཐུང་དུམ་དུམ་དེ་གསོད་ཐུབ་པས་འདོད་པ་ཚིམས་སོང་བ་ཡིན་ནམ། སྟུ་ཤ་འཕར་བས་སྐྲག་པ་གང་ཡིན་མི་ཤེས་ཡང་། ཚུར་ངོ་གདོང་ལ་ཡང་མི་བལྟ་བར་ཅི་ཞིག་མ་འགྲིག་པ་ལྟར་བྱས་ཏེ་ཡར་ལངས་ནས་ཕྱིན་འགྲོ ། ཕོ་ཡི་འདོད་པ་ཙམ་ཚིམས་ཡང་མོ་ཡི་འདོད་པ་ཚིམས་ཡོད་མེད་དང་ཚོར་སྣང་སྐྱིད་པོ་ག་རེ་བྱུང་མིན་ལ་ཁ་ཡ་ཡང་མི་བྱེད་པར། ཐུང་ཐུང་དུམ་དུམ་དེའི་ཆུ་ཐིགས་ནར་ནར་དེ་ཤོར་ཚར་ན་སྒྲུང་ཡོངས་སུ་མཇུག་བསྒྲིལ་བ་རེད་ཟེར། ཁ་སྙན་པོ་ནི་ཚིགས་གཅིག་ཡང་བཤད་མི་ཤེས་པའམ་མི་རུང་བ་ལྟར་བྱེད་ཟེར། ད་དུང་མི་མང་ཡོད་སར་ལག་པ་འཇུ་བ་ཙམ་ལ་ཡང་རྐུ་མི་ཤེས་མཁན་ཞིག་གིས་བཅའ་དངོས་ཤིག་བརྐུས་པ་ལྟར་ཡར་མར་གང་སར་བལྟས་ནས་ངོ་གདོང་ཡང་དམར་ནག་ལྟར་གྱུར་འགྲོ་ཟེར། གང་ལྟར་མདོར་ན་ཚིགས་བརྒྱ་བཤད་ཀྱི་སྙིང་པོའི་དོན་རྡོག་རྡོག་དེའི་འགོག་རྩ་ལ་ཐུག་དུས། ཨ་རིའི་ཕོ་གསར་ཚོས་སྒོར་མོ་གཅིག་ཡིན་ཡང་རྩིས་བརྒྱབ་ཏེ་ཁྱོད་དང་ང་ཟེར་ནས་ཁྱིམ་ཚང་གཅིག་མིན་པ་ལྟར་བྱེད་ཀྱི་འདུག་ཟེར། ཤར་ཕྱོགས་ཕོ་གསར་ཚོས་ཁྱིམ་ཚང་གཅིག་གི་འགན་ཡོངས་རྫོགས་ལེན་ཐུབ་ཀྱི་རེད་ཟེར། ད་དོན་དངོས་ལ་དཔྱད་དུས་གཅིག་ལ་རྒྱོ་ཞིམ་པོ་ཞིག་ཡོང་ཐབས་ཙམ་མ་གཏོགས་བརྩེ་བ་དངོས་དེ་མི་འདུག་ཟེར། གཅིག་གིས་རྒྱོ་ཞིམ་པོ་ཞིག་སྤྲད་མ་ཤེས་རུང་བརྩེ་བ་དངོས་གནས་ཤིག་སྤྲད་ཀྱི་རེད་ཟེར། དེས་ན་རྒྱོ་རྒྱག་སྟངས་ཡག་པོ་ཞིག་སྦྱང་པ་ཡིན་ན། བརྩེ་དུང་དངོས་གནས་དེ་ཆགས་ཐུབ་ཀྱི་འདུག་པ་མ་ཟད་ཁྱིམ་ཚང་ཡང་དངོས་གནས་ཤིག་ཏུ་འཚོ་ཐུབ་ཀྱི་འདུག་ཟེར། །