བེ་འཇིགས་ལ་ཕུལ།

གངས་ཅན་བོད་པ་ཚང་གི་བྱེས་ཡུལ་དུ།།
བེ་རི་འཇིགས་མེད་ཟེར་ནས་མང་བོ་ཐོས།།
བྲིས་པའི་སྙན་རྩོམ་དག་ཡང་མང་བོ་ཀློག།
ཉིད་ཀྱིས་ང་འདྲ་ཤེས་དམན་བུ་ལོ་ལ།།
གདེང་འཇོག་ཡང་ནས་ཡང་དུ་གནང་བ་དེར།།
སེམས་དང་བསམ་པའི་བཀའ་དྲིན་ཞུ་འོས་སོ།།
ཡང་ཡང་མི་འགྱངས་དུས་ཚོད་གང་རེག་ལ།།
ཟིན་བྲིས་རང་གི་ནུས་ཚོད་སྤེལ་ངེས་ཡིན།།