སྒོར་མོའི་ཆེད་དུ་རྒན་པོའི་ཆུང་མ་དང༌། བདེ་བའི་ཆེད་དུ་གཅེན་པོའི་མཉམ་དུ་ཉལ།
འོན་ཀྱང་ང་ཚོ་བོད་པ་ནི་ཡ་རབས་དང་བཟང་སྤྱོད། ངོ་ཚ་དང་ཁྲེལ་ཡོད་ཀྱི་ཀུན་སྤྱོད་དང་ལྡན་པས་ཕ་མ་མིང་སྲིང༌། ཉེ་འབྲེལ་སོགས་ཀྱི་བར་ལ་ཐ་ན་འཁྲིག་ཚིག་ཟུར་ཙམ་ཡང་གླེང་རྒྱུར་ངོ་ཚ་བྱེད་པའི་གོམས་གཤིས་ཤིག་ཡོད་པ་རེད། དེའི་རྐྱེན་གྱིས་ཕ་མ་གཅིག་པའི་མིང་སྲིང་གཉིས་ཀྱིས་ལུས་འབྲེལ་བྱེད་ཀྱི་འདུག་ལབ་ན་ཡིད་ཀྱང་མི་ཆེ་བ་ལྟ་བུ་ཞིག་རེད་མོད། དོན་དངོས་སུ་ནི་འདི་ལྟ་བུའི་གནས་ཚུལ་ཡང་འབྱུང་བཞིན་ཡོད་པ་རེད། ངས་འདི་འདྲའི་སྐོར་ཀྱི་དངོས་སྒྲུང་ཐུང་ཐུང་ཞིག་བཤད་ན། ངའི་གྲོགས་པོ་T ལགས་ཀྱི་སྐྱེས་དམན་ནི་ཁོ་རང་དང་བསྡུར་ན་ཧ་ཅང་ལོ་ཆུང་ཞིག་རེད། ཆ་རྒྱུས་མེད་པའི་མི་མང་པོ་ཞིག་གིས་ཁོ་རང་གི་བུ་མོ་ཡིན་པར་བསམ་གྱི་རེད། གྲོགས་པོ་Tལགས་ནད་གཞི་ཆེ་དྲགས་པའི་དབང་གིས་ས་ཕྱོགས་གང་དུ་སོང་ཡང་རོགས་པ་ དགོས་ཀྱི་ཡོད་ཙང་སྐྱེས་དམན་གྱིས་དང་ཐོག་ནད་གཡོག་ཧ་ཅང་ཡག་པོ་བྱེད་ཀྱི་འདུག འོན་ཀྱང་རྗེས་སུ་སྔོན་མ་ནང་བཞིན་ནད་གཡོག་དང་རོགས་པ་མེད་པར་Tཁོ་རང་འགྲོ་བཞིན་འདུག ཉིན་གཅིག་ང་ཚོས་ཇ་འཐུང་སའི་ཇ་ཁང་ཞིག་གི་ཉེ་འགྲམ་གྱི་བུ་ཕྲུག་གཉིས་ཅན་གྱི་སྐྱེས་དམན་ཞིག་གིས་རང་གི་ཁྱོ་ག་དང་བུ་ཕྲུག་གཉིས་བསྐྱུར་ནས་ཇ་ཁང་གི་ལས་བྱེད་ བྱེད་ཕོ་སར་ཞིག་ཁྲིད་དེ་རི་བྲོས་བརྒྱབ་འདུག ང་ཚོས་དེའི་སྐོར་ཀྱི་གནས་ཚུལ་ཞིག་གླེང་སྐབས་ངའི་གྲོགས་པོས་མིག་ཆུ་གཏོང་ཞོར་ྋསྐྱབས་མགོན་རིན་པོ་ཆེས་འཛམ་གླིང་གི་མི་རྣམས་ལ་བོད་པ་ཟེར་བ་ཡ་རབས་དང་སྤྱོད་བཟང་ཡིན་པ་སྤོབས་པས་གསུང་གི་ཡོད་ཀྱང་ང་ཚོའི་ཕྱོགས་ནས་གནས་ཚུལ་ལྟ་བུ་འབྱུང་གི་ཡོད་རེད། ངའི་སྐྱེས་དམན་གྱིས་མི་གཞན་པ་དང་ལུས་འབྲེལ་བྱེད་ཀྱི་རེད། སྤྱིར་གནས་ཚུལ་འདི་འདྲ་འབྱུང་མི་སྲིད་པ་ཞིག་མ་རེད་མོད། ངའི་སྐྱེས་དམན་གྱིས་ཁོ་རང་གི་ཕ་མ་གཅིག་པའི་ཇོ་ཇོ་Ten དང་ལྷན་དུ་ཉལ་ཀྱི་འདུག ང་ལ་ནི་ཡག་པོ་རྩ་བ་ནས་བྱེད་ཀྱི་མི་འདུག ཉེ་ཆར་སྐྱབས་མགོན་རིན་པོ་ཆེ་ཕེབས་དུས་ང་གསུང་ཆོས་ལ་ཡང་འགྲོ་རོགས་མེད་པར་དཀའ་ངལ་འཕྲད་སོང༌། ན་ནང་ྋགོང་ས་མཆོག་མོན་གྷོ་ལ་ཕེབས་དུས་ནས་མོ་དང་མོ་རང་གི་ཇོ་ཇོ་དང་འབྲེལ་བ་ཡོད་པར་ང་ལ་དོགས་པ་བྱུང༌། མི་སུ་ཞིག་ལ་བཤད་ན་ཡིད་ཆེས་ཀྱི་རེད། ངས་མོ་རང་དང་ནང་མི་ཆེ་བ་ཚོར་ལབ་སྐབས་ཁྱེད་ལ་རྒྱུ་མཚན་འདུག་གམ། མོའི་མང་པོ་ལ་ཡང་མིག་སེར་བྱེད་ཀྱི་འདུག་ཟེར། ཉེ་ཆར་མོ་རང་གི་མང་པོ་ང་ཚོའི་སར་སླེབས་པ་དང་མཚན་མོ་ཁོ་གཉིས་ང་ཡོད་ས་དང་ མཐོང་ས་ནས་ཉལ་བོ་བྱས་པ་རེད། ལྷན་དུ་མགོ་ཡང་ཕན་ཚུན་གཏུག་ནས་ཉལ་ཡོད་པ་ངས་མིག་གིས་མཐོང་སོང༌། ད་དུང་དགོང་མོ་དེར་ངས་སྐད་ཀྱང་བརྒྱབས་པ་ཡིན། འོན་ཀྱང་ང་ནད་པ་རེད། གང་ཡང་བྱེད་རྒྱུ་མི་འདུག་ལ། བཤད་ས་ཡང་མི་འདུག མི་ལ་བཤད་ཀྱང་ཡིད་ཆེས་མཁན་དཀོན་མོ་རེད་ཟེར། ང་གནས་ཚུལ་འདིས་སྐབས་ཧང་སང་བཅུག་སོང༌། ངའི་གྲོགས་པོ་མི་བཟང་པོ་ཡག་པོ་ཞིག་ཡིན་པ་མི་ཚོས་བརྗོད་ཀྱི་འདུག ཡིན་ཡང་ཁོ་རང་ཁྲག་ཤེད་དང་ཅེ་ནེ་ན་ཚས་ཟིན་ནས་བུད་མེད་ཞིག་ལ་ཕར་ཆེར་བེད་ སྤྱོད་མེད་པ་ལྟ་བུ་ཆགས་ཡོད་པ་རེད། དེར་བརྟེན་སྐྱེས་དམན་གྱིས་མིག་གི་མཐོང་ས་ནས་ཡང་འཁྲབ་སྟོན་དེ་བྱེད་ཀྱི་ཡོད་ཚོད་འདུག ཡིན་ཡང་མོ་རང་གི་མང་པོ་ཡང་དང་ལྷན་དུ་ཉལ་བོ་བྱེད་པ་ནི་ཕྱོགས་གང་ནས་བསམ་བློ་བཏང་ཡང་ང་ལྟ་བུ་ཆ་བཞག་ན་ཧང་སང་དགོས་བྱུང༌། ད་དུང་མི་ཚོས་ཟེར་ན་གྲོགས་པོ་T ལགས་ནི་སྒོར་མོ་མང་པོ་ཅན་ཞིག་ཡིན་ཚང་བུད་མེད་དེས་དང་ཐོག་དགའ་བོ་བྱས་པ་རེད། ད་དུང་བུད་མེད་དེའི་མོ་རང་ཨ་རི་ལ་འགྲོ་རྒྱུར་ཡང་དམིགས་པ་རེད། ན་ནིང་མོ་རང་ཁྱོ་གས་ཨ་རིར་གཏོང་རྒྱུ་བྱས་ནས་ཡིག་ཆ་ཚང་མ་བཟོས་པ་རེད་མོད་མོ་ རང་རླུང་རྟ་མ་བརྒྱུགས་ནས་ཐོང་ཤོག་ལོན་ཡོད་པ་མ་རེད། དེ་ནས་བཟུང་ཁྱོ་ག་ལ་མ་དགའ་བྱས་པ་རེད་ཟེར། གང་ལྟར་སྒོར་མོའི་ཆེད་དུ་རྒན་པོ་ལ་ཆུང་མ་བྱས། བདེ་བའི་ཆེད་དུ་མིང་པོ་དང་ཉལ་བོ་བྱས་པ་རེད།