Skip to content
You are here:Home » དེང་གི་ཉེར་མཁོ་ཟུང་ལྡན།
གཙང་མའི་གྲུབ་མཐར་བསྲེས་ལྷད་མ་ཞུགས་ན།།
རིས་མེད་ཆོས་བརྒྱུུད་ཟུང་འཇུག་ཉེར་མཁོ་ལྡན།།
མཉམ་བསྲེས་བྱེད་ན་སྲོལ་རྒྱུན་མི་ཟེར་ཡང་།།
གནའ་དེང་ཟུང་གི་རྣམ་བཞག་བཟུང་ན་ལེགས།།
གཞན་གྱིས་བསླུས་ནས་གཞན་དུ་མ་དྲངས་ན།།
དྲང་བདེན་གཉིས་ལ་བློ་ཕུགས་གཏད་ན་དགའ།།
གཡོ་སྒྱུས་གཞན་མགོ་སྐོར་བ་མཆོག་མིན་ཡང་།།
ངོ་ལྐོག་ཕུགས་མདུན་ཆེ་ན་བསམ་བློ་ཐོངས།།