ཆབ་སྲིད་བཙོན་པ་ཞིག་གི་སྲོག་ཉེན།
༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ནས་བོད་ནང་དུ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གང་མང་འཇུ་བཟུང་གསོད་རྡུང་བྱས་པའི་ནང་ནས། གསེར་རྟ་རྫོང་ཕུག་གུ་ཤང་གི་ཚ་བཙའི་རིག་བདག་ལ་ཡང་ངོ་རྒོལ་གྱི་ཉེས་མང་འོག་རྒྱ་ནག་གཞུང་གིས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང། ཁོང་ལ་འདྲི་གཅོད་སྐབས་རྡུང་རྡེག་ཚད་མེད་བཏང་བར་བརྟེན། གཟུགས་པ་བདེ་ཐང་མེད་པར་གྱུར་ནས་ད་སྐབས་འབར་ཁམས་གྲོང་ཁྱེར་གྱི་སམན་ཁང་ཞིག་ཏུ་ཁྲིད་ཡོད་ནའང། སྨན་བཅོས་མི་ཐུབ་པའི་ཉེན་ཁ་ཡོད་འདུག།