ངོ་སྤྲོད།

ངོ་སྤྲོད་མདོར་བསྡུས།

ངའི་མིང་ལ་ལི་ཐང་འཇམ་བཟོད་ཟེར། སྐྱེས་ཡུལ་བོད་ཡིན་ལ་འཚར་ས་རྒྱ་གར་ནང་ཡིན། རང་ལོ་12་སྐབས་འབྲས་བློ་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས་ནསཕར་ཕྱིན་བསམ་གཟུགས་བར་སློབ་སྦྱོང་བྱས། དེའི་རྗེས་ནོར་གླིང་མཐོ་སློབ་ཏུ་ལོ་3་རིང་བོད་ཀྱི་བརྡ་སྤྲོད་དང་སྙན་ངག་སོགས་ལ་སྦྱང་བརྩོན་བྱས། དེ་ནས་2003་ནས་2006་བར་ནོར་གླིང་ཞིབ་འཇུག་ལྟེ་གནས་ཁང་དུ་རྩོམ་སྒྲིག་གི་ལས་ཀ་ལོ་3་བྱས།  2006་ནས་2009་བར་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ལོ་3་བོད་ཡིག་དགེ་རྒན་བྱས། 2009ཟླ་བ་1་ཚེས་1་ནས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དུ་བོད་ཀྱི་བང་ཆེན་གྱི་གསར་འགོད་པའི་ལས་ཀ་གཉེར་ནས། ད་ལྟ་གསར་འགོད་པའི་ལས་ཀ་བྱེད་བཞིན་ཡོད་པ་བཅས་སོ། དེ་རིང་ང་ཟིན་བྲིས་འདིའི་ནང་འཛུལ་ནས་དྲ་གྲོགས་ཚོར་བསམ་ཚུལ་རྗེས་རེས་དང་གང་ཐུབ་ཐུབ་དུས་ལ་འཚམས་པའི་སྐད་ཆ་དང༌། གནད་ལ་འཁེལ་བའི་རྩོམ་ཡིག་སྤེལ་རེས་བྱེད་ན་སྙམ་ལགས།