རྒྱལ་དར་ཕབ་པའི་ངོ་རྒོལ་ལས་འགུལ།
ཉེན་རྟོག་པས་ཁོང་ཚོར་ཕྱི་རྒྱལ་ནས་ངན་སྐུལ་ཡོད་ལུགས་བསྙོན་འཛུགས་ཀྱིས་གཅར་རྡུང་ཚད་མེད་བཏང་སྟེ་འདྲི་རྩད་ནན་མོ་བྱས་ཡོད་པ་དང། དེ་ནས་མི་བཅུ་གསུམ་ལ་སྒོར་ཆིག་སྟོང་ནས་ལྔ་སྟོང་བར་གྱིས་ཉེས་ཆད་བཏང་སྟེ་ཕྱིན་ཆད་ཉེས་འགལ་འདི་འདྲའི་ནང་མཉམ་ཞུགས་དང་གཞན་གྱིས་སྐུལ་སློང་བྱས་ཚེ། ཁྲིམས་ཁང་དུ་བཙོན་འཇུག་བྱ་རྒྱུ་ཡིན་ཚུལ་སོགས་ཀྱིས་འཇིགས་སྣང་བསྐུལ་ཏེ་གློད་ཡོད་པ་རེད། འོན་ཀྱང་རང་ལོ་༢༥ ཡིན་པའི་ཚེ་ལ་རྒྱལ་ལ་ལས་འགུལ་དེའི་སྣེ་ཁྲིད་མཁན་བཙོ་བོ་ཡིན་པར་བསྙད་དེ། ད་ལྟའང་བཀག་ཉར་བྱས་ཡོད་པ་ཙམ་ལས་གནས་སྟངས་ཞིབ་ཕྲ་ཤེས་རྟོགས་མེད་པ་རེད།།