བཙན་བྱོལ་ནང་གི་སྦིར་སྒྲ་གསུམ
བཙན་བྱོལ་ནང་གི་སྦིར་སྒྲ་གསུམ། དྲ་གྲོགས་ཚོ་བཙན་བྱོལ་ནང་གི་སྦིར་སྒྲ་གསུམ་ཁྱེད་ཀྱི་ཨེ་ཤེས། ཉིས་སྟོང་དགུ་ལོའི་སྦིར་སྒྲ་གསུམ་ཡོད། སྦིར་སྒྲ་དང་པོ། ༸གོང་ས་མཆོག་གིས་བོད་ཁྱིམ་དུ་དགེ་རྒན་དང་ལས་བྱེད་ཚོ་དམིགས་སུ་བཀར་ནས་རིག་ལམ་སློབ་དགོས་པའི་བཀའ་ཕེབས་སྐབས། ཟླ་གྲངས་འགའི་རིང་རིག་ལམ་གྱི་སྦིར་སྒྲ་ཆེན་པོ་དེ་གྲགས་ནས། གཙུག་ལག་ཁང་དུ་མཚན་ཉིད་དང་མཚོན་བྱ་འགའ་ངག་ཐོག་བསྒྱུར་བཅུག་ཡོད་པའི་སློབ་ཕྲུག་འགའ་ལ།༸གོང་ས་མཆོག་གི་སྐུ་མདུན་དུ་རྩོད་པ་བརྒྱབ་བཅུག་སོང་བས་དངོས་གནས་ཚོར་སྣང་མི་བདེ་བ་ཞིག་བྱུང༌། དང་པོ། རྩོད་པ་དེས་༸གོང་ས་མཆོག་ལ་སེམས་ཁྲེལ་མ་བྱེད་ང་ཚོས་སྦྱང་གི་ཡོད་ཟེར་གྱི་རེད་དམ། ཡང་ན། ང་ཚོས་ཁྱེད་ཀྱི་ཞལ་ལ་ཉན་ཡོད་ཟེར་ནས་ཡུས་བཤད་ཀྱི་རེད་དམ། ཡང་ན། སྔོན་མ་རྒྱུན་ཆད་པ་དེ་ང་ཚོས་སྐྱར་གསོ་བྱེད་ཟིན་ཡོད་ཟེར་གྱི་རེད་དམ། གལ་སྲིད་དེ་ཡིན་ན་ཏོམ་ཙམ་སྔ་དྲགས་མ་སོང་ངམ། གང་ཡིན་ངས་ཤེས་ཀྱི་མེད་པས་འདིར་སྐད་ཆ་འདྲི་འདོད་སྐྱེས། རྩོད་པ་དེ་རང་འགུལ་གྱི་བསམ་བློ་ཐོག་ནས་ཡོང་མེད་ལ། ༸གོང་ས་མཆོག་གིས་བཀའ་ཕེབས་རྗེས་སུ་གཞི་ནས་ཁྲལ་འཁྱོལ་ཐབས་ཙམ་གྱིས་ལས་གཞི་བཙུགས་མ་ཐག་ནས་དེ་རྒྱ་གྲག་བོད་གྲག་འགྲོ་ཐབས་བྱེད་པ་དེ་བོད་པའི་སློབ་གྲྭའི་རྩ་དོན་རེད་དམ།་རེ་བ་ཞུ་རྒྱུ་ལ་ད་ནས་རྩོད་པ་དེ་རྒྱ་གྲག་བོད་གྲག་བྱས་ཟིན་པས་ངེས་པར་དུ་ཁུངས་འཁྱོལ་པ་གནང་རོགས། སློབ་གྲྭའི་རྩོད་པ་དེ་རིག་ལམ་ཆགས་ནས་བོད་ཡིག་དང་དབྱིན་ཡིག་ཨང་རྩིས། ད་དུང་མི་ཚེ་དེ་རྒྱུ་མཚན་གནས་ལུགས་ཤེས་པའི་ཐོག་ནས་བསྐྱལ་ཐབས་ཁོ་ནའི་ཆེད་དུ་ཡིན་པས། ངེས་པར་དུ་ རིག་ལམ་ཆགས་ཐབས་ལ་འབད་དགོས་པ་ལས། མཚན་ཉིད་དང་མཚོན་བྱ་ངག་ཐོག་བསྒྱུར་ནས་ལག་པ་དང་རྐང་པ་བརྡབ་ཤེས་པ་ཙམ་དེ་༸གོང་ས་མཆོག་གིས་བཀའ་ཕེབས་པའི་རིག་ལམ་དེ་མིན་པ་འབྲེལ་ཡོད་ཚང་མས་ཤེས་དགོས་སྙམ་ལགས།
སྦིར་སྒྲ་གཉིས་པ། ཡང་༸གོང་ས་མཆོག་གིས་བོད་ཁྱིམ་དུ་བཀའ་ཕེབས་མ་ཐག་པའི་རིག་གཅིག་རྐང་འཛིན་གྱི་སྐོར་ཡིན། རྗེས་སུ་འབྲི་རྒྱུ་ཡིན་པས། དྲ་གྲོགས་ཚོས་གཟིགས་རོགས་ཞུ།