རིག་ལམ་གྱི་ངོས་འཛིན།

ཡིན་ནའང་ནང་ཆོས་ཡིན་བཀའ་ཡིན་དགོས་ཟེར་ཞུས་ཀྱི་མེད། རྗེས་སུ་སྐྱེ་བ་སྔ་ཕྱི་བསྒྲུབས་པའི་རིག་པ་དང་ལས་རྒྱུ་འབྲས་བསྒྲུབས་པའི་རིག་པ་ཆ་བཅས་ཆ་མེད་གཅིག་དང་དུ་མ་བསྒྲུབས་པའི་རིག་པ་དེ་ཚོ་ནང་ཆོས་ཀྱི་སྙིང་པོ་ཤེས་པའི་དོན་ལ། སྐྱེ་བོ་ཕལ་པས་མིག་གིས་ལོངས་སུ་སྤྱོད་ཐུབ་པའི་ཡུལ་གྱི་དངོས་པོ་རང་འགའ་བ་དཔེ་བརྗོད་ཀྱི་རྣམ་པའི་ཐོག་ནས་བཤད་ཡོད་པ་ལ་ངས་སྐབས་སུ་བབས་པའི་རིག་ལམ་ཞེས་པ་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན་རྒྱུ་འབྲས་བསྒྲུབས་སྐབས། མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ཟེར་བ་ལྟ་བུ་རེད། ནང་པའི་ཚད་མ་ཡར་རྒྱས་འགྲོ་བ་ཕྱི་རོལ་པའི་བཀའ་དྲིན་ཡིན་ཟེར་གྱི་ཡོད་པས་འདི་ནི་གཙོ་བོ་དོན་གྱི་སྙིང་པོ་བརྗོད་པར་རོགས་བྱེད་པའི་ཆ་རྐྱེན་ལྟ་བུ་རེད་སྙམ་ལགས།            ཁྱེད་ཀྱིས་ནང་ཆོས་Religion མ་རེད་Philosophy རེད་ཟེར་བ་དངོས་ཡོད་གནས་ཚུལ་རེད། འདི་གཉིས་ཀྱི་ཁྱད་པར་ནི། སྔོན་མ་དེ་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་གཉིས་པ་སེམས་ཁམས་གཙོ་བོ་བྱེད་ནས་འགྲོ་གི་ཡོད་པས་ཁྱད་པར་ཕྱེས་ཀྱི་ཡོད་ས་རེད། སེམས་ཁམས་གཙོ་བོ་བྱས་ནས་བརྗོད་པའི་ང་ཚོའི་ནང་ཆོས་དར་བ་དང་མཉམ་དུ། ངས་ཞུས་པའི་ད་ལྟའི་རིག་ལམ་དེ་མཉམ་དུ་དར་བ་ཞིག་མ་རེད། རིག་ལམ་གྱི་བརྒྱུད་འགྲོས་དང་བསྟུན་ནས་དེང་སྐབས་བཀའ་དང་བསྟན་བཅོས་ཀྱི་དགོངས་པ་འགྲེལ་སྐབས་རིག་ལམ་ལ་བློ་ཁ་ཕྱོགས་པའི་མི་གཅིག་མིན་ན། གོ་དོན་ཆ་ཚང་བ་རག་རྒྱུ་ཁག་པོ་ཡིན་པས་ནང་ཆོས་དང་རིག་ལམ་འདྲེས་ཡོད་ཟེར་ན་ཆོག་ རྒྱུ་མཚན་དེས་ན་བརྒྱུད་རིམ་དང་དངོས་ཡོད་ཀྱི་གནས་སྟངས་ལ་ཞིབ་དཔྱོད་མ་བྱེད་ན་རིག་ལམ་ནང་ཆོས་མིན་ཞེས་བརྗོད་པར་ལས་སླ་པོ་མ་རེད། ཁ་དོག་དཀར་དམར་དང་དངོས་པོའི་ལྡོག་པ་རྟག་མི་རྟག་ཡིན་ལོག་མིན་ལོག་ཡིན་འགྱུར་མིན་འགྱུར་ཟེར་བ་སོགས་རིག་ལམ་གྱི་འཇུག་སྒོ་དེ་ཚོ་ནང་ཆོས་མིན་ཟེར་ན་ཧ་ལམ་འགྲིག་པ་རེད།            རིག་ལམ་ཤེས་མཁན་དང་མི་ཤེས་མཁན་བསྡུར་ན། དེང་སྐབས་ཚན་རིག་གི་ཟབ་སྦྱོང་གི་སྐབས། མཐོ་སློབ་ཐོན་པའི་མི་དང་རིག་ལམ་ཤེས་མཁན་་གྱི་དགེ་འདུན་པ་གཉིས་བསྡུར་སྐབས་རྡུལ་ཕྲ་རབ་སོགས་ལ་བསམ་བློ་གཏོང་སྐབས་ཁྱད་པར་འདུག་ཟེར། ད་དུང་རིག་ལམ་ཤེས་མཁན་དང་མི་ཤེས་མཁན་གཉིས་ཀྱིས་དུས་གཅིག་ལ་བོད་པའི་ནག་རྩིས་སྦྱོང་སྐབས་ཤེས་སླ་ལོད་ཀྱི་ཁྱད་པར་ཆེན་པོ་འདུག་ དེ་དག་ངས་མཐོང་བའི་དཔེར་བརྗོད་རེད། དེ་བཞིན་དེང་སྐབས་རིག་ལམ་ཤེས་ན་རིག་པའི་འགྲོ་ཕྱོགས་ལ་ཁྱད་པར་ཡོིང་གི་འདུག་ཟེར་མཁན་མང་བས་དེ་ནི་ཞོར་ཕྲོས་རང་ཡིན་ལ། གཞན་ང་ལ་དཔང་རྟགས་ཁུངས་བཙན་རང་མེད་པས་གཅིག་བྱེད་ན་དྲ་གྲོགས་མེ་སྒྱོགས་ཀྱིས་དཔེ་སྟོན་སློབ་གྲྭའི་རིག་ལམ་སློབ་ཚན་ལ་མེ་སྒྱོགས་བརྒྱབ་ཤོར་ས་རེད། ཧ་ཧ་ཧ་རྩེད་མོ་ཡིན།