སོ་སོའི་རིག་གཞུང་བརླག་འགྲོ་ཡི་ཡོད་པ་རེད།

བརྗེད་འཇུག་རྒྱུ་ཡོད་མ་རེད་གསུངས་ཡོད་པ་རེད།ཅེས་དང། དེང་སང་བོད་པའི་ཕོ་གསར་མོ་གསར་ཚོས་སྦག་སྦག་རྫིག་པོ་འདྲ་བྱས་ནས་འགྲོ་ཡི་འདུག་མོད། ཕྱི་རྒྱལ་དང་རྒྱ་གར་མི་ཚོས་བལྟས་ན་ངོ་ཚ་དགོས་པ་རེད། འཕྱ་སྨོད་བྱེད་ཀྱི་རེད། སོ་སོའི་ལུང་ཕར་ལ་བཞག་ནས་མི་ལུང་པ་ལ་དེ་འདྲ་བྱེད་ཀྱི་ཡོད་པ་རེད། ད་དུང་བོད་སྐད་ཡག་པོ་ཤེས་ཀྱི་ཡོད་མ་རེད། སྐད་ཆ་བཤད་པའི་ནང་དབྱིན་ཡིག་དང། ཧིན་དྷི་བསྲེས་ལྷད་བྱས་ནས་གནད་འགག་ཅིག་བཤད་དུས་བོད་སྐད་མེད་པ་རེད། དེ་འདྲ་བྱས་ན་སོ་སོའི་བུ་རྒྱུད་ལ་འགན་ག་འདྲ་ཁུར་དགོས། སོ་སོའི་མི་རིགས་ཀྱི་རིག་གཞུང་ཟེར་བ་དེ་ནས་བརླག་འགྲོ་གི་ཡོད་པ་རེད། འདི་ཚོ་བསམ་གཞིག་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།། མེ་སོར་གསར་འགོད་པས།