amdopanda@yahoo.com

འདུ་ཁང་གསེར་ཚོན་འབུལ་ཕྱོགས་ཀྱི་གནད་དོན་འདིའི་ཐོག་ནས་མི་སྡེ་ཚོ་བ་བརྒྱད་ཁ་མ་འཆམ་པར་ནང་ཁུལ་ལ་རྩོད་པ་མང་པོ་བྱུང་ཡོད་པ་རེད།  དེ་ནས་སྨད་མའི་ཚོ་བ་བརྒྱད་ཀྱི་འགོ་དཔོན་རྒད་པོ་རྣམས་འདུས་ནས་དེའི་གསེར་ཚོན་འབུལ་ཕྱོགས་ལ་གྲོས་བྱས་ཡོད་འདུག  འོན་ཀྱང་རྔ་རྒོད་གྲོང་ཚོའི་རྒད་པོ་དེ་ཚོས་མཁས་ལེན་མི་བྱེད་པར་རྔ་རྒོད་སྤྲུལ་སྐུའི་ང་ཚོ་ལ་འགན་སྤྲད་ཡོད་པ་དང་དེ་ང་ཚོས་སྒྲུབ་དགོས་པའི་ལས་ཀ་ཞིག་ཡིན་པའི་ངོས་འཛིན་བྱས་ཏེ་གྲོས་མོལ་ཡག་པོ་གཅིག་བྱུང་མེད་པ་རེད།  གནད་དོན་དེ་ལ་ཁག་བཞག་ནས་རྔ་རྒོད་གྲོང་ཚོའི་རྒད་པོ་ཁྱི་ཏེ་མ་དང་འབྲུག་པ་ཡག་གཉིས་མདོ་སྨད་ནས་ལམ་ལ་ཆས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་བཞུགས་པའི་རྔ་རྒོད་སྤྲུལ་སྐུའི་སར་སོང་ནས་ཚོགས་ཆེན་འདུ་ཁང་གསེར་ཚོན་འབུལ་ཕྱོགས་ཐད་ཀྱི་གནས་ཚུལ་ཞིབ་ཕྲ་ཡར་ལ་ཞུས་ཡོད་པ་རེད།