འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས།
ངོ་མཚར་ཚོགས་གཉིས་རྒྱ་མཚོ་བསྲུབས་པ་ལས།།
འགྲན་མེད་རྣམ་དཔྱོད་ཤེས་བྱའི་མཁའ་ལ་རྒྱས།།
སྲིད་ཞིའི་ཕན་བདེ་མ་ལུས་བཅོལ་ཡུལ་མཆོག།
མཁྱེན་བརྩེའི་གཡུ་རལ་འཛིན་ཁྱེད་རྟག་བརྟན་ཤོག།
དཔལ་༸རྒྱལ་དབང་ཀརྨ་པ་དགུང་གྲངས་༢༥ ཕེབས་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་སླད་སྐུ་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་ཞུ།།
