ྋགོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

བསང་གསོལ་ཚར་རྗེས་དཀར་མཛེས་ས་སྐྱ་བསྟན་བརྒྱུད་དགོན་པ་ནས་ྋགོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཕེབས་བྱང་གི་ཐོག་ཏུ་ཆུ་ཚོད་གཅིག་ཡས་མས་ཙམ་འགྲོ་དགོས་པའི་མངའ་སྡེ་གཞུང་གི་སློབ་གྲྭའི་མདུན་ཐང་བར་གདན་འདྲེན་ཞུས་པ་དང༌། མི་མང་གིས་ལམ་བར་ནས་མཇལ་ཁ་ཞུས་ཡོད་པ་རེད།
    སློབ་ཐང་དུ་སྐུ་མགྲོན་གཙོ་བོ་ངོར་ཁང་སར་ཞབས་དྲུང་ངག་དབང་མཁྱེན་བརྩེ་བསྟན་འཛིན་འཕྲིན་ལས་རིན་པོ་ཆེ་མཆོག་གིས་ནང་པའི་ཆོས་དར་མཁའ་དབྱིངས་སུ་བསྒྲེངས་ཤིང༌། སློབ་ཕྲུག་རྣམས་ཀྱིས་སྐུའི་འཁྲུངས་སྐར་དུས་ཆེན་དང་འབྲེལ་བའི་དགའ་སྤྲོ་ལྡན་པའི་བསྟོད་གླུ་ཕུལ་བ་དང༌། གོ་སྒྲིག་པས་ངོས་ནས་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་སྤི་ཏིའི་ཡུལ་མི་དང༌། བོད་པ། ཕྱི་རྒྱལ་བ་བཅས་ཀྱིས་གླུ་གཞས་འཁྲབ་སྟོན་བྱས་ཡོད་པ་རེད། སྐུའི་འཁྲུངས་སྐར་དུས་ཆེན་གོ་བསྒྲིགས་གནང་མཁན་ནི། ཧི་མ་ལ་ཡའི་ནང་པའི་མཐུན་ཚོགས་ཡིན་པ་དང། ཉིན་དེར་གོ་སྒྲིག་པའི་ངོས་ནས་མི་མང་ལ་ཇ་དང༌། འབྲས་སིལ། ཉིན་གུང་ཞལ་ལག་བཅས་སྤྲོད་ཀྱི་ཡོད་པ་རེད།།