ཀ་བཤད་ཚིག་གསུམ།
ཅ་ལག་མང་པོ་འཁྱེར་བར་མ་གནང་ཤིག།
ཆ་ལུགས་འདྲ་མིན་བཅངས་པར་མ་གནང་བར།།
ཇ་དང་ཀོ་ཕི་ལ་སོགས་མཆོད་ན་ཡང་།།
ཉ་སོགས་ཟས་རིགས་འདྲ་མིན་བསྣམས་མ་ཆོག།
ཏ་ལི་བྷན་གྱིས་གུད་ཆགས་བཏང་བ་ནས།།
ཐ་ན་ལྷམ་གོ་ཡིན་ནའང་བརྟགས་དཔྱད་དགོས།།
ད་དུང་སྐེ་རགས་སོགས་ལ་ལྕག་ཡོད་ན།།
ན་འགྱངས་མེད་པར་ཕུད་ན་སྟབས་བདེ་ཡོང།།
པ་ལོ་བཅད་པའི་གྲྭ་པ་ཡིན་ན་ནི།།
ཕ་རོལ་མི་ལ་འཛུམ་སྟོན་སྤྱོད་ལམ་གཟབ།།
བ་མོ་བཞིན་དུ་གཞན་ལ་ཚིག་ངན་སྤོངས།།
མ་འོངས་བོད་མིའི་མཚན་དང་གྲགས་པར་སྨན།།
དྲ་ཚིགས་འདིའི་ནང་ཀ་བཤད་ཀྱི་བསྟན་པ་རེ་ཞིག་མཉམ་སོང་བ་སླར་གསོ་བྱས་པ་ཡིན། ཧ༔་ཧ༔
