ཨོ་བྷ་མ་དང་ྋགོང་ས་མཆོག་མཇལ་འཕྲད་གནང་འཆར།
དེ་ཡང་ཨ་རིའི་གཞུང་ངོས་ནས་གནས་ཚུལ་མཁོ་སྤྲོད་བྱེད་སྐབས་བརྗོད་དོན་དུ། ཨ་རིའི་འཛིན་སྐྱོང་གི་ངོས་ནས་སྐུ་སྒེར་ཡིག་ཚང་ལ་འབྲེལ་བ་བྱས་ནས། ྋགོང་ས་མཆོག་དང་ཨ་རིའི་སྲིད་འཛིན་གཉིས་དབར་ཚོགས་འདུ་ཞིག་གོ་སྒྲིག་དགོས་པ་དང༌། དེ་ཡང་གཙོ་བོ་རྒྱ་ནག་གཞུང་ངོས་ནས་འབྲེལ་མཐུད་ག་དུས་བྱས་རུང༌། ྋགོང་ས་མཆོག་ཁ་བྲལ་རིང་ལུགས་པ་རེད་ཟེར་བ་དེ་ལ། ངེས་པར་དུ་ཐུགས་ཞིབ་ནན་པོ་གནང་དགོས་ཚུལ་བརྗོད་ཡོད་པ་རེད། ཡིན་ནའང་མཇལ་འཕྲད་ཀྱི་ཚེས་གྲངས་ད་དུང་གཏན་ཁེལ་མེད་པ་དང༌། ཨ་རིའི་གཞུང་དང་སྐུ་སྒེར་ཡིག་ཚང་ཕྱོགས་གཉིས་ནས་མཇལ་འཕྲད་ཀྱི་ཐད་ལ་ད་དུང་ཕྱག་ལས་འགྲོ་བཞིན་པ་དང༌། མཇལ་འཕྲད་དེ་ཕལ་ཆེར་ཨ་རིའི་གྲོང་ཁྱེར་ཝ་ཤིན་ཊོན་དུ་གནང་འཆར་ཡོད་ཚུལ་འབྲེལ་ཡོད་ཀྱིས་བརྗོད་ཡོད་པ་རེད།
ཡང་སྲིད་འཛིན་ཨོ་བྷ་མས་ྋགོང་ས་མཆོག་མཇལ་འཕྲད་ཞུ་རྒྱུ་དེ་གཞུང་འབྲེལ་དང་ཡང་ན་སྒེར་ངོས་གཉིས་ཀྱི་ཐོག་ནས་གནང་སྲིད་པ་རེད་ཅེས་དང༌། དཔེར་ན། ༢༠༠༧ ལོའི་ཨ་རིའི་སྲིད་འཛིན་བྷུ་ཤུ་མཆོག་གིས་ཕོ་བྲང་དཀར་པོའི་གཟིམ་ཤག་ནང་ྋགོང་ས་མཆོག་དང་མཇལ་འཕྲད་ཞུ་མྱོང་བ་དང་གཅིག་མཚུངས་རེད་ཅེས་བརྗོད་ཡོད་པ་རེད།
ྋགོང་ས་མཆོག་ཨ་རིར་བཞུགས་རིང་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་བདག་གཉེར་ཁང་གི་གོ་སྒྲིག་འོག་ནས། བསམ་བློ་དང་མི་ཚེའི་སྐོར་ཟེར་བ་དང། བསམ་བློར་སྒྱུར་བཅོས་བཏང་ནས་དེང་རབས་ཀྱི་འཛམ་གླིང་ནང་ཡང་དག་གི་བློ་གྲོས་གཉེར་ཐབས་བྱེད་དགོས་ཟེར་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད།
རྒྱ་ནག་གཞུང་ངོས་ནས་ཨ་རིའི་གཞུང་ལ་ྋགོང་ས་མཆོག་གིས་ས་ཁུལ་ཁ་བྲལ་གྱི་ལས་འགུལ་སྤེལ་བས། ཨ་རིའི་ཡུལ་དུ་གདན་འདྲེན་ཞུ་མི་ཆོག་པ་དང་གལ་ཏེ་ཞུས་ན་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ལ་བར་ཆད་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད། ཨ་རིའི་གཞུང་ལ་རྒྱ་ནག་དེའང་ཚོང་འབྲེལ་གྱི་ཕྱོགས་ནས་ཧ་ཅང་གལ་ཆེན་ཆགས་ཡོད་པ་དང༌། ཨ་རིའི་སྲིད་འཛིན་རིམ་བརྒྱུད་ཀྱིས་རྒྱ་ནག་ལ་གནོད་སྐྱོན་ཕོག་པའི་ལས་འགུལ་མང་པོ་ཞིག་ལ་འཛེམས་ཟོན་བྱས་དང་བྱེད་བཞིན་ཡོད་པ་རེད།
ཟླ་འདིའི་ཚེས་༡༨ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་རྒྱ་གར་དུ་གཟིགས་སྐོར་ལ་ཕེབས་ཡོད་པ་དང༌། དྲུང་ཆེས་གཏམ་བཤད་གནང་སྐབས། ང་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་སྐྱོ་པོ་དེ་རིམ་གྱིས་གུ་ཡངས་ཀྱི་ལངས་ཕྱོགས་སུ་འགྲོ་ཐུབ་ཐབས་དང༌། དཔལ་འབྱོར་གྱི་འབྲེལ་ལམ་དང་གནམ་གཤིས་འགྱུར་ལྡོག་ཕྱོགས་གཉིས་ཀྱི་ཆ་ནས། རྒྱ་ནག་ནི་ཨ་རི་དང་ཁ་བྲལ་ཐབས་མེད་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།།