ྋརྒྱལ་བ་ཀརྨ་པ་མཆོག་སུ་ཇཱ་སློབ་གྲྭར་ཆིབས་བསྒྱུར།
དགེ་སློབ་ཡོངས་ལ་ལམ་སྟོན་བཀའ་སློབ་གནང་དོན། ྋགོང་ས་མཆོག་གི་བཀའ་བཞིན་རང་མི་རིགས་ཀྱི་རིགས་གཞུང་དང་ལ་རྒྱ་སྲུང་ཕྱིར་ལས་དོན་ཁག་ལ་བཟང་སྤྱོད་དང་ལྡན་པའི་སྒོ་ནས་འཇུག་ཐུབ་པ་དགོས་རྒྱུ་དང། སློབ་ཕྲུག་རྣམས་ཀྱིས་སློབ་སྦྱོང་ཡག་པོ་གནང་དགོས་པ། བོད་དང་བོད་མིའི་གཤིས་ལུགས་བཟང་པོ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་དགོས་པ་རེད། མ་འོངས་ཕུགས་རྒྱང་རིང་པོར་གནས་ཐུབ་པའི་འོས་འགན་ད་ལྟའི་མི་རབས་འདིའི་ཕྲག་ཐོག་ཏུ་ཡོད་པའི་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
ཉིན་རྒྱབ་ཆུ་ཚོད་༢ ནས་༤ བར་སློབ་གྲྭའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང། ཉིན་དེའི་དགོང་མོ་སློབ་གྲྭའི་རང་སྦྱོང་སྐབས་འཛིན་གྲྭ་རེ་རེ་བཞིན་གཟིགས་སྐོར་གནང་ཡོད་པ་རེད།
ཚེས་༡༩ ཉིན་སུ་ཇཱ་སློབ་གྲྭའི་དུས་རྒྱུན་ལྟར་ཉིན་དང་པོའི་འཛིན་རིམ་འགྲིམས་བཞིན་གཞོགས་པའི་ཕྱག་ཚོད་༧༌༤༥ ཐོག་སློབ་ཆུང་ལ་འཛིན་གྲྭ་རེ་རེ་བཞིན་གཟིགས་ཞིབ་ནན་པོ་གནང་གྲུབ་ནས་ཕྱག་ཚོད་༡༠ པ་ཙམ་ལ་སློབ་གྲྭ་ཆེ་བའི་འཛིན་གྲྭ་མང་ཆེ་བའི་ནང་དུ་སློབ་ཁྲིད་བྱེད་སྐབས་གཟིགས་སྐོར་དུ་ཕེབས་ཡོད་པ་རེད། དེ་བཞིན་ཉིན་གསུམ་རིང་སློབ་གྲྭའི་ཁོར་ཡུག་ཡོངས་ལ་གཟིགས་སྐོར་དང་རབ་གནས་མཛད་པ་དང། ཉིན་དེའི་ཕྱི་དྲོ་སློབ་གྲྭ་ནས་ཆིབས་བསྒྱུར་གནང་ཡོད་པ་རེད།།