ྋགོང་ས་མཆོག་གི་གསུང་ཆོས།

 ཟླ་འདིའི་ཚེས་༢༡ ནས་ཉིན་གསུམ་རིང་ྋགོང་ས་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བཀའ་དབང་གནང་གི་ཡོད་པ་དང། དེ་ནི་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང། ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་དབང་དེ་གནང་བ་ཡིན་འདུག ཉིན་དང་པོར་སྔོན་འགྲོའི་གསུང་ཆོས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་གསུངས་ཡོད་པ་དང། ཉིན་མཐའ་མར་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བཀའ་དབང་དངོས་སུ་གནང་གི་ཡོད་པ་རེད།།