ད་ལྟའི་མི་རབས་འདི།
སྒོར་མོ་སྲོག་གི་ཚུལ་བཞིན་གལ་ཆེན་ཆགས།།
བརྩེ་དུང་རོལ་དབྱངས་ཆུ་བཞིན་རྣ་ལ་སྙན།།
ཉེ་མི་གནམ་མཁའི་སྐར་བཞིན་འཐོར་ནས་སོང་།།
ད་ནི་འཁོར་བའི་ལས་འདི་བྱ་རེ་བཙོག།
དད་པ་མེ་ལོང་འདྲ་བོ་ཆག་གྲབས་འདུག།
འཁྲུལ་སྣང་རྨི་ལམ་ཇི་བཞིན་ཡལ་ནས་འགྲོ།
རེ་བ་མེ་ཏོག་བཞིན་ཏུ་རྒས་ཀྱིན་འདུག།
ད་ནི་མི་རྟག་གནས་ཚང་གཏན་པོ་མེད།།
