བོད་ནང་ལ་རྒྱངས་གླུ་ཕུལ་བ།

ལ་མོའི་རྒྱབ་ལ་ཕྱིན་པའི། །ཇོ་ཇོ་ཁྲེལ་མེད་མ་བསམ།།

སེམས་ཆུང་གཏིང་གི་ཁ་ཕྱོགས། །ནམ་ཡང་བོད་ལ་གཏད་ཡོད།།

 

ལོ་དང་ཟླ་བ་ཕྱིན་ཡང་་། །ཡོང་རྒྱུ་མི་འདུག་མ་བསམ།།

རང་ཡུལ་ལག་ཏུ་ལེན་ནས། །སང་ཡོང་གནང་ཡོང་སྒུག་ཡོད།།

 

མི་ཡུལ་ས་མཐའི་འཚོ་བ། སྐྱོ་བའི་མིག་ཆུ་ཡིན་ཡང་།།

སེམས་འཕྲལ་བྱེད་པ་མ་གནང་། །སྐྱིད་པའི་དུས་ཤིག་ལོས་ཡོང་།།

 

སེམས་པའི་ནང་གི་ཁྱེད་ཚོར། །ལུས་པོ་རལ་གྲིས་བཤགས་ནས།།

ཚེ་སྲོག་མེ་མདས་བཅད་སོང་། །ནམ་ཡང་སེམས་ལ་ཉར་ཡོད།།

 

ཕ་གཞིས་ནང་གི་ཁྱེད་ཚོས། སྤྲུ་ཟླ་ནང་འཛིང་མེད་པར།།

མཛའ་མཐུན་ལ་གདང་སྦྲེལ་དང་། །ལྷན་འཛོམ་ཉི་མ་ཤར་ཡོང་།།

 

༩།༧།༢༠༠༩་ཉིན་རྡ་ས་ནས། འདི་བེད་སྤྱད་འདོད་ཡོད་ན་དགག་བྱ་མེད།།