༣༤༣བཀླགས་རྗེས་སུ།

ཁ་བ་ཅན་ལ་འབྲེལ་བ་ཤ་སྟག་རེད།།

ད་ནི་སྤུན་ཟླ་དག་གིས་མཚམས་བཞག་ནས།།

ད་ལྟའི་གཉན་འཕྲང་བོད་ཀྱི་ཕྱི་ནང་གཉིས།།

ཇི་ལྟར་བདེན་པའི་རང་དབང་རྩོད་ན་བཟང་།།

ཇི་ལྟར་རང་རང་ནུས་པ་གང་ཞིག་འདུག།

ཇི་ལྟར་བོད་རིགས་ཤིག་གི་ལས་འགན་སོགས།།

ལབ་གླེང་བྱས་ན་ད་ནི་འགྲིག་ས་རེད།།

གྲྭ་ས་ཆུང་ཆུང་ཞིག་གིས་རྩོད་པ་ལྟར།།

ལེན་རྒྱུ་ཉར་རྒྱུ་མེད་པའི་རྒྱུ་རྫས་བཞིན།།

དུས་ཚོད་འགྲོ་འདུག་བར་གྱི་རྩོད་གླེང་འདིས།།

བསམ་བློ་གནད་དུ་བཞག་ནས་གླེང་མཁན་ཞིག།

རེ་ཟུང་མ་གཏོགས་འདི་རུ་མི་འདུག་ན།།

སྙིང་ནས་བརྩེ་བའི་བོད་རིགས་སྤུན་ཟླ་ཚོ།།

ད་ནི་རྩོམ་ཡིག་འདི་ཡི་མཆན་སྒྱུར་ནས།།

ད་ལྟའི་གནས་བབ་དགོས་མཁོར་དངོས་ཞུགས་རོགས།།

ངས་ཤེས་ངས་འཇོན་ཟེར་གྱི་གཏན་ནས་མེད།།

ངེད་ཅག་བོད་ལ་མཁོ་བའི་གནད་དོན་ནི།།

ད་ལྟའི་ཆ་ལ་སྟོང་ཉིད་རྩོད་གླེང་མིན།།

དོན་དངོས་མི་ལ་དགོས་པའི་ཆ་རྐྱེན་ཡིན།།