དམར་གཞུང་ཕྱོགས་གཏོགས་ཚོའི་སྨྱོ་བཤད་ལ་གཟིགས་རོགས།

(སྨྱོ་ཞད་ཀྱི་ཏ་ལས་སྔར་གྱི་གླུ་ཚིག་དེ་དག་བསྐྱར་ཟློས་དེར་རྒྱ་ནག་སྲིད་གཞུང་གིས་དེ་ཚོ་ཚང་མ་རྫུན་བསྒྲིགས་ཡིན་པར་ཐད་འདོན་བྱས་ཡོད་།)

བོད་རང་བཙན་རུ་ཚོགས་ཀྱི་རྩོམ་པ་པོ་འཇམ་གཡང་ནོར་བུས་བོད་རང་བཙན་དོན་དངོས་ཡིན་ཚུལ་གཏམ་བརྗོད་སྐབས་སུ་གཤམ་གསལ་དོན་ཚན་བདུན་གྱི་ཐོག་ནས་གནས་སྟངས་དཔང་པོ་དང་འགྲེལ་བརྗོད་བྱས་ཡོད།

དང་པོ།བོད་ལ་རྒྱལ་དར་དང་རྒྱལ་གླུ་ཡོད།

གཉིས་པ། བོད་ལ་སོ་སོའི་དངུལ་སྒོར་ཡོད།

གསུམ་པ། རྒྱལ་ཁབ་ཁག་གི་ས་ཁྲའི་ཐོག་བོད་ནི་རང་གི་བདག་དབང་ཡོད་པའི་རྒྱལ་ཁབ་གྲས་སུ་འཁོད་ཡོད།

བཞི། ལོ་རྒྱུས་ཐོག་བོད་ཀྱིས་ཐེངས་མང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག

བལ་ཡུལ་བཅས་དང་འདྲ་མཉམ་གྱི་ཆིངས་ཡིག་བཞག་མྱོང།

ལྔ། དེ་སྔོན་བོད་ཀྱི་འཐུས་མིས་སོ་སོའི་ཕྱི་སྤྱོད་ལག་འཁྱེར་ཐོག་ནས་ཕྱི་རྒྱལ་ཁག་ཏུ་སྐྱོད་ཡོད།

དྲུག   ཕྱི་འབྲེལ་ཕྱོགས་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་གཞུང་ཚབ་ཁང་བཙུགས་པ།

བདུན།  བོད་ལ་སོ་སོའི་སྦྲག་ཁང་དང་སྦྲག་འཛིན་ཡོད་པ་བཅས་ཡིན།

བོད་རང་བཙན་རྩོད་མཁན་འཇམ་གཡང་ནོར་བུས་སྤྱི་ལོ་1916ལོར་བོད་ལ་རང་གི་རྒྱལ་གླུ་དང་རྒྱལ་དར་ཡོད་པ་དང༌། སྐབས་དེར་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་སྐུ་ཉིད་ནས་ལྷ་སར་འཚོགས་པའི་བོད་ཀྱི་དམག་དཔུང་གསར་འཛུགས་ཀྱི་མཛད་སྒོར་ཕེབས་ཡོད་པ་མ་ཟད། བོད་དམག་རུ་དཔུང་རེར་བོད་ཀྱི་རྒྱལ་དར་རེ་གནང་ཡོད།

 གནས་ཚུལ་དེ་བོད་སྲིད་གཞུང་གི་དཔོན་བློན་ཛ་སག་ཚ་རོང་རང་གིས་བྲིས་པའི་ལོ་རྒྱུས་དེབ་དང་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཕྱག་ཡིག་དངོས་སུ་གསལ་པོ་འཁོད་ཡོད་སྐོར་བཤད་པ་དང༌། འཇམ་གཡང་ནོར་བུས་ད་དུང་སྐབས་དེར་བོད་མིན་པའི་ཁྱིམ་མཚེས་བལ་ཡུལ་རྒྱལ་ཁབ་དང་རྒྱ་གར་སོགས་རྒྱལ་ཁབ་ཁག་བདུན་བཅུ་ལྷག་ལ་སོ་སོའི་རང་གི་རྒྱལ་དར་མེད་པའི་སྐོར་སོགས་བརྗོད་འདུག

སེམས་བཟང་ཅན་གྱི་རྒྱ་ནག་མི་མང་རྣམས་། ཁྱོད་ཚོས་ད་དུང་ཏ་ལའི་མགོ་སྐོར་གཏོང་བྱེད་ཀྱི་དབུ་མའི་ལམ་ལ་ཡིད་ཆེས་ཡོད་དམ། ད་ལྟའི་ཆར་རྒྱ་ནག་གིས་ཏ་ལར་བོད་ཆེན་མོའི་རང་སྐྱོང་གི་ཕུག་འདུན་སྤྲད་པ་ཡིན་ཡང༌། ཏ་ལས་ཡིད་ཚིམས་མི་སྲིད་ལ་།ཏ་ལས་ངེས་པར་དུ་ཞིང་བྲན་ལམ་ལུགས་སྐྱར་གསོ་བརྒྱུད་ནས་བོད་ཆོས་སྲིད་གཉིས་ཀྱི་རྒྱལ་པོ་བྱ་རྒྱུ་དེ་རེད་དོ།