ན་ཉིན་གྱི་རྨི་ལམ།

དྲན་པའི་མངལ་སྒོར། བཟོད་མེད་ཀྱི་འདོད་ཆུ་ཁོལ། །དུང་སེམས་རི་མོར་རྣམ་པ་བཀྲ་པའི་ན་ཉིན་གྱི་རྨི་ལམ་ནི་ཇི་འདྲའི་སྐྱིད་པ་ལ། ཁྱོད་ནི་བདེ་སྐྱིད་ཀྱི་འཚོར་བ་ཡིན་ལ། ཁྱོད་ནི་ང་ཡི་ཡོད་ཚད་ཡིན།
ངས་དྲན་ཐེངས་མིག་ཆུས་བསྒྲུན་པའི། ལོ་རྒྱུས་ཀྱི་རི་མོ་ནི། མི་ལོ་སྟོང་ཕྲག་ལ་བསྲུབ་རྒྱུ་མེད་པའི་རྡོ་རྗེ་རུ་གྱུར།
ངས་བསམ་དཀར་གྱི་ཁ་ད་དྭངས་མ་དེ། །ལོག་འཛིན་གནག་ནོག་གིས་གོས་པ་ནས་བཟུང། ངའི་སེམས་ཁོང་གི་བདེན་ཚད་རླག།་