ཉིན་གཉིས་དྲ་རྒྱ་སྒོ་ཕྱེ་མ་ཐུབ་པའི་དཀའ་ངལ།
དེ་ནས་ཐབས་ཤེས་སྣ་མང་བྱས་པ་བརྒྱུད་དེ་རིང་བསྐྱར་དུ་སྒོ་ཕྱེ་ཐུབ་པ་བྱུང་སོང་། ད་ལྟའི་ཆར་བོད་ཀྱི་བང་ཆེན་བོད་ཡིག་གི་དྲ་རྒྱ་ལ་མཚོན་ན་ཉིན་རེ་ལྟ་ཀློག་བྱེད་མཁན་༤༠༠༠ ནས་༥༠༠༠ གི་བར་འཆར་ཅན་ཡོང་གི་ཡོད་པ་དང་། ཐོ་འགོད་དེབ་སྐྱེལ་བྱས་པའི་ཁོངས་མི་༢༣༥ ཡོད། དབྱིན་ཡིག་དང་རྒྱ་ཡིག་གི་དྲ་རྒྱ་གཉིས་ཀྱང་ལྟ་ཀློག་བྱེད་མཁན་གང་འཚམས་ཡོད་པས། ཉིན་གཉིས་ལྷག་དྲ་རྒྱར་གཟིགས་མ་ཐུབ་པར་བོད་ཀྱི་བང་ཆེན་གསར་ཁང་གི་ངོས་ནས་གཟིགས་མཁན་རྣམས་ལ་སྙིང་ཐག་པ་ནས་དགོངས་སེལ་ཞུ་རྒྱུ་དང་། འདི་ནས་ཉིན་ཤས་རིང་དྲ་བའི་ས་ཁོངས་རྒྱ་བསྐྱེད་སོགས་ཡར་རྒྱས་གཏོང་ཆེད་འགྲོ་སོང་ཡང་གང་མང་བཏང་ནས་ད་ལྟའི་ཆར་ཁ་བྱང་www.tibetexpress.net འདིའི་ཐོག་ནས་དེ་རིང་གཟིགས་མཁན་རྣམས་ཀྱི་མདུན་དུ་སླར་ཡང་བསྟར་ཐུབ་པ་བྱུང་སོང་། གཞན་ཡང་དྲ་རྒྱའི་ཁ་བྱང་www.bangchen.netདང་། www.khawakarpo.org གཉིས་ཀྱི་ཐོག་ནས་ཀྱང་གང་མགྱོགས་ལྟ་ཀློག་ཐུབ་པ་ཞུ་ངེས་ཡིན། འདས་པའི་ཉིན་གཉིས་རིང་ཐུགས་སྣང་ཅན་གྱི་ཀློག་མཁན་གང་མང་ཞིག་གིས་དྲ་རྒྱའི་སྐོར་འདྲི་རྩད་ཀྱིས་ཁ་པར་གཏོང་མཁན་མང་པོ་བྱུང་སོང་བས་ཚང་མར་ཐུགས་རྗེ་ཞུ་བཞིན་ཡོད། འདི་ནས་ཚེགས་གྲོན་གང་ལའང་མ་འཛེམས་པར་ཀློག་མཁན་རྣམས་ཀྱི་ཐུགས་འདུན་སྐོང་གང་ཐུབ་ཞུ་རྒྱུ་དང་། ཀློག་མཁན་རྣམ་པས་དེ་ལུགས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གང་མང་གནང་སྐྱོང་ཡོང་བའི་གསལ་བསྒྲགས་སུ།
བོད་ཀྱི་བང་ཆེན་གསར་ཁང་ནས་ཕྱི་ལོ་༢༠༠༩ ཟླ་༨ ཚེས་༢༨ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་སྤེལ།
