ང་ཚོ་མགོ་སྐོར་བསླུ་བྲིད་ཐུབ་ཀྱི་མ་རེད།
མདོ་གཞུང་ནས་ཡིན་པའི་མི་གཅིག པདྨ་རུ་བའི་མི་གཅིག་བཅས་བོད་མི་གསུམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག མི་གཞན་པ་གཉིས་དེའི་མིང་ད་ལྟ་ཤེས་རྟོགས་ཐུབ་མེད། རླངས་འཁོར་སྤྲོད་རྒྱུ་ཡིན་སྐོར་གྱི་སྐད་ཆ་དེ་ཁ་སྔོན་ནས་ཤོད་བཞིན་ཡོད་འདུག་པ་དང༌། ད་ལྟ་དངོས་སུ་འཇོ་མདའ་རྫོང་ལ་རླངས་འཁོར་མང་པོ་ཞིག་འབྱོར་ཟིན་ཡོད་འདུག་ཀྱང་བོད་མི་ལེན་མཁན་སུ་ཡང་རག་མེད་པའི་གནས་ཚུལ་འདུག གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན་ལྟར་ན། རླངས་འཁོར་སྤྲོད་འཆར་ཡོད་པའི་གྲོང་ཚོ་དེ་དག་ནི་ད་ལོ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་ཞིང་ཁ་མི་འདེབས་མཁན་དང༌། སྒོ་ཟོག་མི་བཤའ་ས་སོགས་ཀྱི་གནས་ཚུལ་ཐོན་ཁུལ་རྣམས་སུ་ཡིན་སྐོར་བད་ཀྱི་འདུག
གནས་ཚུལ་གསར་ཐོས་ལྟར་ན། ཁ་ཉིན་བོད་མི་རྣམས་འཇོ་མདའ་རྫོང་ཐོག་ཏུ་འདུ་འཛོམས་སྐབས་རྒྱ་དམག་མང་པོ་དང༌། ཉེན་རྟོག་པ་མང་པོས་མེ་མདའ་ཁུར་ནས་བོད་མི་རྣམས་ཕར་འདེད་ཚུར་འདེད་བྱས་ཡོད་འདུག་པ་དང༌། སྐབས་དེར་བྲོས་ཟིན་པ་རྣམས་འཛིན་བཟུང་བྱས་ཡོད་མི་འདུག་ཅིང་མ་བྲོས་མཁན་གོང་གསལ་བོད་མི་གསུམ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག བོད་མི་མིང་མ་ཤེས་པ་དེ་གཉིས་ཁ་སང་ཕྱི་ཚེས་ 27་ ཉིན་གློད་བཀྲོལ་བཏང་ཡོད་འདུག་ཀྱང་འཆི་རྡོ་མུ་མཐུད་བཀག་ཉར་བྱེད་བཞིན་པ་ཡིན་འདུག་ཅེས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བྱུང་༎