ཧུའུ་ཅིན་ཐའོ་ཨ་རིར་འབྱོར་སྐབས་ངོ་རྒོལ།

ཧྤ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་པ། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་རྒྱ་ནག་དམར་པོའི་སྲིད་གཞུང་འོག་ཏུ་དཀའ་ སྡུག་མྱོང་མཁན་རྣམས་ཀྱིས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་འདུག ཕྱི་ཚེས་༢༢ ཉིན་སྲིད་འཛིན་ཧུའུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་སྐོར་གྱི་ཚོགས་ཆེན་ དུ་ཞུགས་རྒྱུ་ཡིན་པ་དང། ཕྱི་ཚེས་༢༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་གྱི་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་གཏམ་བཤད་ བྱེད་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ཕྱི་ཚེས་༢༤ དང་༢༥ ལ་མངའ་སྡེ་གཞན་ཞིག་གི་ནང་དུ་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་ནང་དུ་ཞུགས་རྒྱུ་ཡིན་པ་རེད།།