གོ་ལའི་གནས་སྟངས་ཟུར་གཅིག

ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་སྟོན་པ་ལ་དད་པ་དང་རྒྱ་གར་འཕགས་པའི་ཡུལ་དུ་བརྩི་བཞིན་ཡོད། གལ་ཏེ་ཁྱེད་ཀྱིས་གོ་ལའི་ཐོན་ཁུངས་རྣམས་བག་མེད་དུ་ལོངས་སུ་སྤྱད་པ་ཡིན་ན་མ་འོངས་པར་སངས་རྒྱས་གྲངས་མེད་བྱོན་པའི་གནས་དེ་དག་གནས་མི་ཐུབ་པ་ལ། མ་ཟད་རྟེན་དང་གནས་རྩ་ཆེའི་རིགས་རྣམས་འཐོར་གཞིག་ཏུ་འགྲོ་རྒྱུ་ཡིན་པས་ཁྱེད་ཀྱིས་སྡིག་པ་ཆེན་པོ་ཞིག་གསོག་རྒྱུ་ངེས་པས་གཏེར་རིགས་རྣམས་བག་མེད་དུ་མི་སྤྱད་པ་དང་། ཁོར་ཡུག་ལ་གནོད་པའི་བྱ་བའི་ཐད་གཟབ་དགོས་འདུག དུས་ཡུན་སྐར་མ་འགའ་ལས་ཕྱི་རོལ་དུ་འགྲོ་མི་དགོས་ཀྱང་དེའི་རིང་གློག་གསོད་པ་དང་། ཆུ་དང་གད་སྙིགས་རྣམས་གང་བྱུང་དུ་མི་གཡུག་པ་དང་།   འགྱིག་རིགས་ཀྱི་དངོས་པོ་རྣམས་བསྐྱར་སྤྱོད་བྱེད་རྒྱུའི་གོམས་གཤིས་འཇགས་ཐབས་བྱ་དགོས། འདི་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན་སྟབས་དེའི་ཐད་བསམ་བློ་གཏོང་རོགས་གནང་།