ཞིབ་དུ་བལྟས་དུས་འདི་འདྲ་རིག་གི
ཐོབ་དཀའ་བའི་བུད་མེད་གཅེར་བུ་དག།
ཉིན་རྒྱུན་དུ་དྲ་ངོས་གང་ས་ནས།།
བརྩོན་མི་དགོས་བྱང་ཆ་ལྡན་པའི་ངང་།།
ལྐོག་དགའ་མའི་མི་ཤེས་ས་ནས་བལྟས།།
ཤ་སྐྱི་མོ་འདི་ཡི་ནང་ཟིག་ན།།
ནམ་ཡིན་རུང་ཁོམ་པ་མེད་པ་ཡིས།།
སེམས་རྩ་བ་འཁྲུག་བྱེད་འདོད་ཆགས་ཤིག།
ལས་དལ་བྲེལ་ཆེ་ཡང་བླངས་དེ་འོང་།།
མ་བུ་མོ་རིག་ཚད་འཛེག་ན་འདོད།།
ཤ་དཀར་ནག་གང་ཡིན་ཁྱད་མེད་པར།།
རྐུབ་ཆེ་ཆུང་ཚང་མར་མིག་ཕྱོགས་འགྲོ།
སེམས་གསང་བའི་སྒོ་མོ་རྒྱུན་དུ་ཕྱེ།།
ཁ་གསལ་ནས་ཚིག་གཅིག་བཤད་མི་ཐུབ།།
མི་གཞན་གྱིས་མི་རིག་ས་ཞིག་ནས།།
ལས་ལྐོག་ལྐོག་བྱེད་རྒྱུར་གོམ་པ་འདི།།
ཆོས་དད་པ་ཅན་གྱི་བྱེད་སྟངས་མིན།།
