ལྷ་ས་ནས་བོད་མི་ཞིག་འཛིན་བཟུང།

རྒྱ་གར་སོགས་སུ་འབྲེལ་བ་འདུག་ཚུལ་གྱི་ཉེས་མིང་བཏགས་ཡོད་པ་གྲོགས་པོ་གཞན་ཚོས་མིག་མཐོང་ལག་ཟིན་བྱུང་ཡོད་པ་རེད། འཇུ་བཟུང་བྱས་སྐབས་ཀྱི་ཚེས་གྲངས་གསལ་པོ་མ་ངེས་ཀྱང་ཁོ་རང་འཇུ་བཟུང་བྱས་ནས་རྒུ་ཚ་བཙོན་ཁང་དུ་ཁྲིད་ཡོད་པ་ཧ་གོ་འདུག དེའི་རྗེས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད།།