ཨ་ལྡེའུ་རིན་པོ་ཆེའི་རྗེས་དྲན།
དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ།།
རྩ་གསུམ་ཡོངས་རྫོགས་ཀྱི་སྤྱི་གཟུགས།།
བཀའ་དྲིན་སུམ་ལྡན་གྱི་མངའ་བདག།
མཐུ་སྟོབས་ཚུལ་ཁྲིམས་ཀྱི་རྒྱ་མཚོ།།
མཁྱེན་ནོ་ཐུགས་རྗེས་རང་གཟིགས་ཤིག།
ཡོན་ཏན་སངས་རྒྱས་དང་མཉམ་ཡང་།།
བཀའ་དྲིན་སངས་རྒྱས་ལས་ལྷག་པ།།
བདག་སོགས་མོས་ལྡན་གྱི་བུ་སློབ།།
སྒོ་གསུམ་བག་མེད་དུ་འཆོལ་ལ།།
ཐུགས་རྗེས་མྱུར་དུ་རང་གཟིགས་ཤིག།
གསོལ་བ་ཕུར་ཚུགས་སུ་འདེབས་ན།།
ཐུགས་རྗེས་དམ་བཅའ་ནི་མ་གཡེལ།།
དོན་བརྒྱུད་བསྟན་པ་ཡི་མགོན་དུ།།
མཚན་དཔེ་ཉི་གཞོན་གྱི་སྐུ་མཆོག།
བྱོན་ནས་སྲིད་མཐའ་རུ་བཞུགས་ཤིག། །།
༧སྐྱབས་རྗེ་གྲུབ་མཆོག་ཨ་ལྡེའུ་རིན་པོ་ཆེར་གསོལ་འདེབས་འདི་བཞིན་སློབ་གཉེར་བ་གྲྭ་ཚུལ་ཁྲིམས་རྣམ་རྒྱལ་ནས་བསྐུལ་ངོ་མ་ལྡོག་སྟེ་མགོན་པོ་གང་གི་སློབ་འབངས་སུ་གཏོགས་པ་མདོ་ཁམས་སྤྲུལ་མིང་པས་དད་གུས་རྩེ་གཅིག་པས་ཕྱི་ལོ་༢༠༠༩ཟླ་
༩ཚེས་༢༦ཉིན་སྦྱར་བའོ།།