ངམ་རིང་རྫོང་དུ་ས་འགུལ་བྱུང་བ།
ཆེ་རིག་དང་། ཅ་མུའུ་ཞུང་། སང་སང་། རི་བུའུ་ཆི་སོགས་ཞང་གྲོང་བཞི་ལ་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་ཡང་། དེ་སྔའི་བར། མི་སྣ་ཤི་རྨས་བྱུང་བ་དང་ཕྱུགས་ཟོག་ཤི་བའི་གནས་ཚུལ་ཡར་ཞུ་འབྱོར་མེད་པ་དང། ལྷ་ས་ནས་ཆེད་མཁས་མི་སྣ་བཏང་ནས་བརྟག་དཔྱད་དང་མྱུར་སྐྱོབ་ཀྱི་ཐབས་ཤེས་གང་ཐུབ་བྱེད་ཀྱི་ཡོད་ཚུལ་བཀོད་འདུག །