མོན་པ་རྣམས་བོད་རིགས་གཙང་མ་ཡིན
དེས་ན་གནས་ཚུལ་འདི་ལ་སུ་ཞིག་དགའ་མིན་སོགས་ལ་རྣམས་དོགས་མེད་པར་དྲང་བདེན་གྱི་ལོ་རྒྱུས་་ཞིག་གླེང་དགོས་ན་འདས་ཟིན་པའི་ལོ་རྒྱུས་ཐད་བོད་དང་རྒྱ་དཀར་ནག་གཉིས་བཅས་གསུམ་ཀས་བྱས་ཕྱོགས་ལ་ནོར་འཁྲུལ་དང་བདེན་པའི་ཆ་གཉིས་ཀ་བགྲང་རྒྱུ་ཡོད་པས་འདས་ཟིན་པའི་ལོ་རྒྱུས་རྙིང་པ་དེ་དག་སྐྱར་གསོ་བྱེད་དགོས་ན་སོ་སོའི་འདོད་ཚུལ་ཙམ་མ་ཡིན་པར་དངོས་ཡོད་ལོ་རྒྱུས་འདི་ཡིན་ཟེར་བ་ཞིག་བཤད་དགོས་། དེས་ན་དངོས་ཡོད་ལོ་རྒྱུས་ཐོག་མོན་པ་ནི་བོད་རིགས་གཙང་མ་ཡིན་། དེ་ཡང་མོན་ཡུལ་ཁུལ་གྱི་མི་རྒྱུད་བྱུང་རབས་ཐད་བོད་བཙན་པོའི་སྐབས་སུ་བོད་ནས་མཆེད་ཚུལ་གྱི་ལོ་རྒྱུས་ཁ་གསལ་ཡོད་ལ་ཆོས་དང་རིགས་གཞུང་གང་གི་ཆ་ནས་མོན་པ་རྣམས་བོད་རིག་ཡིན་པར་ད་བར་རྒྱ་བོད་ལོ་རྒྱུས་སྨྲ་བའི་མཁས་དབང་རྣམས་ཀྱི་འདོད་ཚུལ་ཆེས་མི་མཐུན་པ་བྱུང་མེད་། འོན་ཀྱང་༡༩༥༩ ལོ་བོད་རང་དབང་ཤོར་ཏེ་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྲིད་གཞུང་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོངས་བའི་ཉིན་མོ་དེ་ནས་རིང་པོ་མ་སོང་བར་ཆབ་སྲིད་གྱི་དགོས་དམིགས་དུ་མ་ཞིག་ལ་བརྟན་ནས་རྒྱ་དཀར་ནག་གཉིས་ཀྱི་རྣམས་འགྱུར་བཟང་ངན་སྣ་ཚོགས་ཀྱིས་སྲིད་དོན་ཁྲོད་དུ་ཕྱོགས་ཅིག་ནས་རྒྱ་གར་སྲིད་གཞུང་ལ་མཚོན་ན་ང་ཚོ་བོད་རིགས་རྣམས་ལ་གནས་ཚང་གཡར་ཏེ་མི་ལོ་༥༠་འགྲོ་ཟིན་པ་ཞིག་རེད་། དེ་བཞིན་རྒྱ་ནག་གི་ཕྱོགས་ནས་ཀྱང་ད་བར་སྐུ་ཚབ་ཚོགས་པ་ཐེངས་བརྒྱད་ཙམ་མགྲོན་འབོད་བྱས་ཡོད་། རྣམས་འགྱུར་འདི་དག་ལ་ངས་གོང་ཏུ་༼རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་དགོས་ན་བོད་དོན་གླེང་དགོས༽་ཟེར་བའི་སྟོད་ཆ་ནང་རྒྱས་པ་བཤད་ཟིན་པས་དུས་ཚོད་བྱུང་ན་དེར་གཟིགས་རོགས་ཞུ་མ་ཟད་ད་ལྟ་གུས་པས༼་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་དགོས་ན་བོད་དོན་གླེང་དགོས༽ཅེས་པའི་སྨད་ཆ་དེ་འབྲི་བཞིན་ཡོད་པས་དམིགས་གསལ་དེས་ཐད་མཁྱིན་དཔྱོད་ཡངས་པའི་དྲ་གྲོགས་རྣམས་ཀྱི་
