ནིའུ་ཛི་ལན་ཌིར་༸གོང་ས་མཆོག་གི་མཛད་འཕྲིན།
དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ནིའུ་ཛི་ལན་ཌིར་གནས་སྡོད་བོད་མི་རྣམས་ལ་མཇལ་འཕྲད་དང་བཀའ་སློབ་བསྩལ་བ་དང། ནིའུ་ཛི་ལན་ཌིའི་ངལ་རྩོལ་ཚོགས་པའི་དབུ་ཁྲིད་ཕིལ་གོ་ཧྥི་Phil Goff དང་མཇལ་འཕྲད་གནང་ཡོད་འདུག ནིའུ་ཛི་ལན་ཌིའི་སྲིད་བློན་ཇོན་ཀེ་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་མི་གནང་བའི་རྒྱུ་མཚན་འགྲེལ་བཤད་བྱས་ཡོད་པ་མ་ཟད། དེ་སྔོན་ཕྱི་ཟླ་༡༡ པའི་ནང་དུ་སྲིད་བློན་མཆོག་དང་༸གོང་ས་མཆོག་མཇལ་འཕྲད་མ་གནང་བ་དེ་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་མིན་པའི་སྐོར་འགྲེལ་བརྗོད་བྱས་པ་མ་ཟད། རྒྱ་ནག་གི་བྱེད་སྟངས་དེ་ང་ཚོས་ཤེས་ཀྱི་ཡོད་འོན་ཀྱང་དེ་རིང་རྒྱུ་མཚན་གཙོ་བོ་དེ་ཆགས་ཡོད་མ་རེད་ཅེས་བརྗོད་ཡོད་འདུག
ཕྱི་ཚེས་༧ ཉིན་༸གོང་ས་མཆོག་ཕྱིར་ཨོ་སི་ཁྲུ་ལི་ཡ་རུ་ཆིབས་བསྒྱུར་གནང་ནས་སྙིང་རྗེ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་གནང་རྒྱུ་ཡིན་པ་མ་ཟད། ཚེས་༩ ཉིན་དེར་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་དང་ལྷན་དུ་ས་གོ་ལའི་ཚ་དྲོད་སོགས་ཁོར་ཡུག་དང་གནམ་གཤིས་སྐོར་དང། འཕྲོད་བསྟེན་གྱི་སྐོར་སོགས་ཀྱི་ཐད་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།།
