བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཡིན།
དེ་ཡང་པདྨ་ཚལ་སློབ་གྲྭའི་ངེས་སྟོན་པ་རྒན་གུ་རུ་རྒྱལ་མཚན་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། མཁན་པོ་པདྨ་དབང་གྲགས་ལགས་ཀྱིས་པདྨ་ཚལ་སློབ་གྲྭ་དང་ཐོག་གསར་འཛུགས་སྐབས་ནས་བཟུང་ད་བར་དུ་གཟིགས་རྟོགས་གནང་ཡོད་པ་དང། ཟླ་འདིའི་ནང་གང་ཉིད་ལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མཁན་པོའི་མཚན་གསོལ་ཁྲི་འདོན་གནང་བ་དང། དེ་བཞིན་ཕྱི་ཟླ་༥ ནང་ཨ་རི་ནིའུ་ཡོག་ཨི་ལི་སི་མཚོ་གླིང་གི་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད། དེ་རིང་ཁོང་འདི་གར་ཕེབས་པ་དང་སྟབས་བསྟུན་ནས་པདྨ་ཚལ་དགེ་སློབ་ཡོངས་དང་ཕ་མ་བཅས་ནས་ཁོང་ལ་བཀྲིན་རྗེས་དྲན་དང་ཆེ་བསྟོད་བསྔགས་བརྗོད་ཀྱི་མཛད་སྒོ་འདི་གོ་སྒྲིག་ཞུས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང། དེ་བཞིན་ཉིན་འདིར་སློབ་ཕྲུག་རྣམས་ནས་གཞས་སྣ་ཁག་ཅིག་དང། ལག་རྩེད་སྤོ་ལོའི་རྩེད་འགྲན་གཟིགས་འབུལ་ཞུས་སོང།།
མོན་གྷོ་གསར་འགོད་པས།