གྲགས་ཅན་མི་སྣས་བོད་གླེང་བ། ༼བརྒྱུད་འགོད།༽

ཤོག་གྲངས་ ༡༤༥ ཡོད་པའི་དཔེ་དེབ་དེའི་ནང་རྒྱལ་སྤྱིའི་གྲགས་ཅན་མི་སྣ་ཁག་བཅུ་ཕྲག་བདུན་ལྷག་གི་འདྲ་པར་དང་ལྷན་ ༢༠༠༨ ལོར་བོད་ནང་ཆེས་ཛ་དྲག་བྱུང་རྗེས་ཁོང་རྣམས་ཀྱིས་བོད་དོན་ཐད་གཏམ་བཤད་གནང་བ་རྣམས་བཀོད་པའི་རྒྱུན་མཁོའི་ལག་དེབ་གལ་ཆེ་ཞིག་ཏུ་མཐོང་།

དེབ་དེའི་གླེང་བརྗོད་གཤམ་ནས་འགོད་རྒྱུ་ཡིན་ཞིང་། དེབ་དེའི་བརྗོད་བྱ་ཆ་ཚང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་འགོད་རྒྱུའི་རེ་བ་ཡོད། བཀོད་མཚམས་ཞལ་བྱང་དྲ་ལམ་ནས་འབུལ་རྒྱུ། གལ་སྲིད་བོད་གཞུང་གི་དྲ་རྒྱའི་ནང་བཀོད་མ་གནང་ཚེ་ཁོམ་པ་བྱུང་ན་ངའི་དྲ་རྒྱའི་ནང་མུ་འགོད་ཞུ་རྒྱུ་ཡིན།

སྔོན་གླེང་།

༄༅། །ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་ནས་བཟུང་ལོ་དེའི་ནང་བོད་ཆོལ་གསུམ་ཡོངས་སུ་རྫོགས་པར་གནས་པའི་རང་རིགས་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་དྲང་བདེན་མིན་པའི་སྲིད་བྱུས་དེ་དག་ལ་མི་དགའ་བའི་སྙིང་ནད་ལོ་ངོ་མང་པོའི་རིང་ལ་བཟོས་ཡོད་པ་རྣམས་ལོ་འདིར་དངོས་སུ་ཕྱིར་བཏོན་པ་དང་སྦྲགས་ཞི་བའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་རྒྱ་ཆེ་གནང་བར་རྒྱ་ནག་གཞུང་ཕྱོགས་ནས་ཁྲག་དྲི་བྲོ་བའི་དྲག་གནོན་ཤུགས་ཆེ་བྱས་པར་རྒྱལ་སྤྱིའི་གྲགས་ཅན་དབུ་ཁྲིད་ཧ་ཅང་མང་པོ་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས། དེ་བཞིན་རྒྱལ་སྤྱིའི་ནང་སྙན་གྲགས་ལྡན་པའི་མི་སྣ། དེ་ཡང་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། ཕྱི་སྲིད་དྲུང་ཆེ། ཆོས་དཔོན། མི་སྒེར་པ་སོགས་ཧ་ཅང་མང་པོ་ཞིག་ནས་རྒྱ་ནག་གཞུང་ཕྱོགས་ལ་བོད་ནང་འགྲོ་བ་མི་ཡི་ཐོབ་ཐང་དང་ཆོས་ལུགས་རང་དབང་དགོས་པ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་འཕྲལ་མར་གྲོས་མོལ་གནང་དགོས་པ་སོགས་ཀྱི་སྐོར་ལ་འབོད་སྐུལ་དང་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་གཏམ་བཤད། དེ་བཞིན་བོད་མིར་དྲག་གནོན་བྱེད་བཞིན་པར་སེམས་འཚབ་ཆེན་པོ་གནང་བཞིན་ཡོད། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གི་དྲག་གནོན་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ་སོགས་ཀྱི་གཏམ་བཤད་རྣམས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་དེ་བཞིན་ཆ་འཕྲིན་དྲ་གནས་ཁག་ནང་བཀོད་པའི་ཁུངས་ལྡན་གནས་ཚུལ་རྣམས་ཕྱོགས་བསྒྲིགས་བགྱིས་ཏེ་ཕྱི་ལོ་ ༢༠༠༨ ནང་རྒྱབ་སྐྱོར་གནང་མཁན་རིམ་པ་བཞིན་དུ་བྱུང་ཡོད་པ་རྣམས་འདི་ག་ཕྱི་དྲིལ་ལས་ཁུངས་བོད་ཡིག་ཚན་པའི་ཤེས་བྱ་རྩོམ་སྒྲིག་པས་ཤེས་རྟོགས་གང་བྱུང་བ་རྣམས་ཕྱོགས་བསྒྲིགས་བྱས་ཏེ་སྐབས་མཚམས་སུ་གཞུང་འབྲེལ་གསར་ཤོག་ཤེས་བྱ་ནང་རིམ་པས་བཀོད་ཡོད་པ་རྣམས་ལོ་འདིར་བོད་མི་རྣམས་ལོ་ལྔ་བཅུ་བཙན་བྱོལ་དུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོ་ཞུ་ཆེད་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་མཁྱེན་རྟོགས་སླད་འདི་གར་དེབ་གཟུགས་སུ་བཀོད་ཡོད་པ་ཞུ་རྒྱུ་བཅས།

བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༠ ལ།།