ཐེ་ཝན་དང་རྒྱ་ནག་གི་ཚོང་འབྲེལ་ལ་ངོ་རྒོལ།
དེ་བཞིན་བོད་པ་དང་བོད་དོན་རྒྱབ་སྐྱོར་བ། ཧྥ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་པ་སོགས་ཀྱིས་རྒྱ་ནག་གི་སྐུ་ཚབ་ཕྱིར་མ་སོང་བར་ངོ་རྒོལ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
ཐེངས་འདིར་བཞག་པའི་ཆིངས་ཡིག་དོན་ཚན་གསུམ་པོ་ནི། ཉ་འཛིན་ལས་གཞིའི་མཉམ་འབྲེལ་དང། ཞིང་ལས་ཐོན་སྐྱེད་ཀྱི་བརྟག་དཔྱད་སྔོན་འགོག། བཟོ་གྲྭའི་ཐོན་ཟོག་གི་ཉེན་ཁའི་ཚད་འཛིན་བཅས་གསུམ་ལ་གྲོས་མཐུན་གྱི་ས་ཡིག་བཀོད་ཡོད་པ་རེད། སླེབས་ལ་ཉེ་བའི་ལོ་རྗེས་མའི་ལོ་སྟོད་དུ་གྲོས་མོལ་གྱི་གྲོས་ཆོད་ཐོག་གོ་བསྡུར་ཡང་བྱས་ཡོད་པ་དང། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་མཉམ་སྦྲེལ་གྱི་གྲོས་མཐུན་སྒྲོམ་གཞིའི་ཐོག་གོ་སྡུར་བྱེད་འཆར་ཡོད་སྲིད་པའི་སྐོར་ཡང་གླེང་ཡོད་པ་རེད།
འོན་ཀྱང་རྒྱ་གཞུང་ནས་ཐེ་ཝན་དང་ལྷན་དུ་ཕྱི་སྲིད་དཔལ་འབྱོར་གྲོས་མཐུན་བྱེད་རྒྱུའི་འདོད་བློ་གཏན་ནས་མེད་པ་རེད། དེའི་རྒྱུ་མཚན་ནི། གོང་འཁོད་ཕྱི་སྲིད་དཔལ་འབྱོར་གྲོས་མཐུན་ཞེས་པ་དེ་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་དབར་འཇོག་སྲོལ་ཡོད་པས། རྒྱ་གཞུང་གིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པ་དང། རྒྱ་ནག་སྐམ་ས་ཆེན་མོ་ནས་ཁ་བྲལ་དུ་སོང་བའི་ཞིང་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་སྐུ་ཚབ་ཁྲེན་ཡུའུ་ལིང་གིས་ཁོ་ལ་ངོ་རྒོལ་བྱེད་མཁན་ཚོའི་ཐོབ་ཐང་ལ་བརྩི་བཀུར་ཡོད་ལུགས་བརྗོད་པ་དེར། གནས་ཚུལ་དབྱེ་ཞིབ་པ་ཚོས་ནམ་རྒྱུན་རྒྱ་ནག་གི་དཔོན་རིགས་ཚོས་ངོ་རྒོལ་བྱེད་མཁན་ཡོད་པའི་གནས་ཚུལ་ངོས་ལེན་ཙམ་ཡང་བྱེད་ཀྱི་མེད་པས་དུས་རྒྱུན་རྒྱ་ནག་གི་དཔོན་རིགས་ཚོའི་བྱེད་སྟངས་དང་མི་མཚུངས་པ་ཞིག་ཡིན་སྐོར་བརྗོད་འདུག །