ཅན་དྷི་གྷར་ནས་ལྡི་ལི་བར་གྱི་གོམ་བགྲོད།

ཟླ་འདིའི་ཚེས་༢༩ ཙམ་ལ་གོམ་བགྲོད་འགོ་འཛུགས་རྩིས་ཡོད། དེའི་རྒྱུ་མཚན་ནི། ཆུང་སྲིད་པཎ་ཆེན་རིན་པོ་ཆེས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་དང། རྒྱ་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་རེ་འདུན་དེ་གཉིས་གཙོ་བོ་ཡིན་ཞེས་བརྗོད་འདུག
ཅན་དྷི་གྷར་ནས་ལྡི་ལི་བར་གྱི་གོམ་བགྲོད་སྐབས་དེའི་བརྒྱུད་དུ་ཡོད་པའི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་བརྒྱུད་ནས་འགྲོ་རྒྱུ་ཡིན་པ་དང། གྲོང་ཁྱེར་ཆེ་ཁག་དེ་དག་ལ་གསར་འགོད་གསལ་བསྒྲགས་སོགས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཡང་སྤེལ་རྩིས་ཡོད་པ་རེད། ལས་འགུལ་དེའི་ནང་དུ་བོད་ཀྱི་སློབ་མ་སུམ་ཅུ་ཙམ་མཉམ་ཞུགས་བྱེད་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག །