༄༅།།བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐུ་ཚེ་ཧྲིལ་པོ།

༄༅།།བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐུ་ཚེ་ཧྲིལ་པོ།སྤེལ་དུས། 2009-12-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།   རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། སྤྱི་ཚོགས་ཀྱི་མཛད་སྒོ་གནང་མཁན་གྲགས་ཅན། བོད་རིགས་མི་དམངས་ཀྱི་བུ་ཕུལ་བྱུང་།རང་རྒྱལ་མི་རིགས་ལས་དོན་གྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ།ཀྲུང་གོ་གུང་ཁྲན་ཏང་གི་མཛའ་མཐུན་གྲོགས་པོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ།བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་གསུམ་པ་དང་།བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་ གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་ བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་སྙུན་གཞིའི་རྐྱེན་གྱིས་༢༠༠༩ལོའི་ཟླ་ ༡༢ཚེས་༢༣ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༥༠ལ་པེ་ཅིན་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་༡༠༠ ལ་ཕེབས།

བློ་ མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་༡༩༡༠ལོའི་ཟླ་༢པར་བོད་ལྗོངས་ལྷ་ས་གྲོང་ ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གི་ཁྱིམ་ཚང་སྐད་གྲགས་ཡོད་པ་ཞིག་ཏུ་ འཁྲུངས།༡༩༣༢ལོར་བོད་ས་གནས་སྲིད་གཞུང་གིས་གསར་དུ་བཙུགས་པའི་གྲོང་དྲག་དམག་སྒར་དུ་དམག་མི་གནང་ཐོག་བཅུ་དཔོན་དང་།ཞལ་ངོ་། རུ་དཔོན་བཅས་གནང་།༡༩༣༦ ལོར་བོད་ས་གནས་སྲིད་གཞུང་གི་ཆབ་མདོའི་ཕོགས་དཔོན་དང་༡༩༤༠ལོར་བཤེར་དཔང་གནང་ ནས་ལག་ལེན་གྱི་ནང་དུ་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་ཆབ་སྲིད་ ཀྱི་ལམ་ལུགས་སོགས་ལ་སྐུ་ངོ་མ་ཉམས་ཞིབ་བྱུང་ཡོད།༡༩༤༥ལོར་བོད་ས་གནས་སྲིད་གཞུང་གི་རྩིས་དཔོན་དང་།༡༩༥༠ལོར་བཀའ་བློན་ལས་འཕར་དང་མདོ་སྨད་སྤྱི་ཁྱབ་པ་གཅིག་ལྕོགས་གནང།༡༩༥༡ ལོར་པེ་ཅིན་དུ་གྲོས་མོལ་གནང་བར་ཕེབས་མཁན་བོད་ས་གནས་སྲིད་གཞུང་གི་དབང་ཆ་ཆ་ ཚང་ཡོད་པའི་དབུ་བཞུགས་སྐུ་ཚབ་གནང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ ཚབ་དང་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་བཞགབོད་ཞི་བས་བཅིངས་འགྲོལ་བཏང་རྗེས་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་།བོད་དམག་ཁུལ་ཁང་གི་དམག་སྤྱི་གཞོན་པ་དང་པོ་གནང་ཞིང་།༡༩༥༥ ལོར་བཅིངས་འགྲོལ་མཛད་རྗེས་གཟེངས་རྟགས་རིམ་པ་དང་པོ་ཐོབ་པ་དང་འབྲེལ་ཀྲུང་གོ་ མི་དམངས་བཅིངས་འགྲོལ་དམག་གི་ཀྲུང་ཅང་དམག་དཔོན་གྱི་གོ་རྟགས་བཞེས།དེ་རྗེས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གྲ་སྒྲིག་ཁྲུའུ་ཡི་ཁྲུའུ་ཀྲང་དང་།གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་དྲུང་ཆེ་གཅིག་ལྕོགས།གྲ་ སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ བཅས་གནང་ཐོག་༡༩༦༤ལོར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལས་ཚབ་གནང་།༡༩༦༥ལོར་བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གནང་།༡༩༦༨ལོར་བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གནང་།༡༩༧༩ལོའི་རྗེས་སུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གནང་།༡༩༨༡ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གནང་།༡༩༨༣ལོ་ནས་༡༩༩༣ལོ་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གནང་།

བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དང་པོ་དང་།གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་འཐུས་མི་དང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ།བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པ་དང་། དྲུག་པ།བདུན་པ་བཅས་ཀྱི་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་བཅས་དང་།ཆབ་སྲིད་གྲོས་ཚོགས་རྒྱལ་ཡོངས་ཨུ་ལྷན་སྐབས་དང་པོའི་ཨུ་ཡོན་དང་།ཆབ་སྲིད་གྲོས་ཚོགས་རྒྱལ་ཡོངས་ཨུ་ལྷན་སྐབས་གསུམ་པ་དང་། བརྒྱད་པ། དགུ་པ། བཅུ་པ།བཅུ་གཅིག་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན།

བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་བོད་རིགས་མི་དམངས་ཀྱི་བུ་ཕུལ་བྱུང་ཡིན་ཅིང་།ཁོང་སྐུ་ན་ཕྲ་དུས་གཞིས་ཀར་བཞུགས་སྐབས་ནས་ཞིང་བྲན་ཚོས་ས་བོགས་དང་།སྐྱེད་ལྕིའི་བུ་ལོན།ཁྲལ་འུལ་སོགས་ཀྱི་བཤུ་གཞོག་མང་པོ་མྱངས་ཏེ་འཚོ་བ་དཀའ་སྡུག་ཆེན་པོ་ཡོད་པ་དངོས་སུ་གཟིགས་མྱོང་ཡོད་པ་དང་།ལང་ཚོ་དར་ལ་བབ་པའི་སྐབས་ནས་ལམ་ལུགས་རྙིང་པ་སྒྱུར་བཅོས་གཏོང་རྒྱུའི་དགོངས་གཞི་འཁྲུངས་མྱོང་ཡོད།ཀྲུང་ གོ་གསར་པ་དབུ་བརྙེས་རྗེས་བོད་ས་གནས་སྲིད་གཞུང་གི་མཐོ་རིམ་ཁ་ཕྲལ་རིང་ལུགས་པ་ ཉུང་ཤས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་དཀྲུག་ཤིང་དང་ངན་སྐུལ་འོག་འཛེམ་བག་མེད་ པར་བཅིངས་འགྲོལ་ལ་འགོག་རྒོལ་དང་མེས་རྒྱལ་ཁ་ཕྲལ་གྱི་སྤྱོད་ངན་སྤེལ་བའི་ལོ་ རྒྱུས་ཀྱི་འགག་རྩའི་དུས་སུ་ཁོང་གིས་བོད་ཀྱི་གནད་དོན་ནི་ཀྲུང་གོའི་ནང་ཁུལ་ གྱི་གནད་དོན་ཡིན་པས་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་ཞུས་ན་མ་གཏོགས་ཐག་ཆོད་ ཐབས་མེད།པེ་ཅིན་དུ་སྐུ་ཚབ་ཚོགས་པ་བཏང་ནས་གྲོས་མོལ་ཞུ་དགོས་ཞེས་གསལ་པོ་གསུངས་ཡོད།བཀའ་ བློན་ལས་འཕར་དང་མདོ་སྨད་སྤྱི་ཁྱབ་གནང་བར་མ་ཕེབས་གོང་ཁོང་གིས་ད་དུང་བོད་ས་ གནས་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་བཅིངས་འགྲོལ་དམག་བཙལ་ནས་ཞི་བའི་གྲོས་མོལ་བྱ་ དགོས་ཞེས་འདོན་པ་གནང་བ་དང་།ཁོང་ གིས་ཆབ་མདོའི་ཡུལ་དམག་སྟོང་ཕྲག་ཁ་ཤས་མེད་པ་བཟོས་ཐོག་དམག་ཤུགས་རྒྱ་སྐྱེད་ བཏང་ནས་དམག་འཁྲུག་གྲ་སྒྲིག་བྱེད་མི་རུང་ཞེས་སླར་ཡང་འདོན་པ་གནང་།ཆབ་ མདོ་ས་ཁུལ་བཅིངས་འགྲོལ་གཏོང་སྐབས་ཁོང་གིས་དཔོན་རིགས་གཞན་དག་དང་ལྷན་དུ་བོད་ ས་གནས་སྲིད་གཞུང་ལ་སྙན་ཞུ་ཐེངས་གཉིས་ཕུལ་ཏེ་བོད་ས་གནས་སྲིད་གཞུང་གིས་གང་ མགྱོགས་སྐུ་ཚབ་བཏང་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་གྲོས་མོལ་ཞུ་དགོས་ པའི་ཞལ་ཏ་གནང་སྟེ་བོད་ཞི་བས་བཅིངས་འགྲོལ་ཡོང་བར་སྐུལ་འདེད་གཏོང་ཆེད་འབད་ བརྩོན་ལྷོད་མེད་མཐའ་འཁྱོངས་གནང་།༡༩༥༡ ལོའི་ཟླ་༢པར་བོད་ས་གནས་སྲིད་གཞུང་གིས་མངགས་པའི་དབང་ཆ་ཆ་ཚང་ཡོད་པའི་དབུ་ བཞུགས་སྐུ་ཚབ་ཀྱི་ཐོག་ནས་ཁོང་པེ་ཅིང་དུ་ཕེབས་ཏེ་ཀྲུང་དབྱང་མི་དམངས་སྲིད་ གཞུང་དང་ཞི་བའི་གྲོས་མོལ་གནང་ཞིང་།ཕྱོགས་གཉིས་ཀས་ཐུན་མོང་ཐོག་འབད་བརྩོན་གནང་མཐར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན།》(གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་བསྡུ་རྒྱུ།བཞག་ནས་ཁོང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་ཆེད་ནུས་པ་གལ་ཆེན་འདོན་པ་གནང་།༡༩༥༦ ལོའི་ཟླ་༡༡པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཧིན་རྡུར་ཕེབས་ནས་ཇོ་བོ་ཤཱཀྱ་ མུ་ནེ་མྱ་ངན་ལས་འདས་ནས་ལོ་ངོ་༢༥༠༠འཁོར་བའི་དྲན་གསོའི་མཛད་སྒོར་ཞུགས་སྐབས་ ཧིན་རྡུར་ཧམ་སྡོད་བྱས་ཡོད་པའི་ཁ་ཕྲལ་པས་ཏཱ་ལའི་བཀག་ཉར་ཐོག་ཧིན་རྡུར་ཡུལ་གྱར་སྲིད་གཞུང་ཟེར་བ་འཛུགས་རྒྱུའི་རེ་ངན་བཅངས།བློ་ མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་གཙོ་བོ་གནང་བའི་རྒྱལ་གཅེས་མི་སྣ་ རྣམས་ཀྱིས་འབྲེལ་ཡོད་ཕྱོགས་ལ་གཞོགས་འདེགས་ཧུར་ཐག་གནང་སྟེ་ཏཱ་ལའི་བླ་མ་དང་ ཁོང་གི་ལྷན་ཕེབས་དཔོན་རིགས་ལ་གོ་སྐོན་གང་ལེགས་གནང་མཐར་ཁ་ཕྲལ་པའི་ལྐོག་གཡོ་ ཕམ་ཉེས་སུ་ཕྱིན།༡༩༥༩ ལོའི་ཟླ་༣པར་བོད་ཀྱི་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་ཁྱོན་ཡོངས་ནས་ངོ་ལོག་ ཟིང་འཁྲུག་སློང་སྐབས་ཁོང་གིས་སྐུ་ཉིད་ཀྱི་བདེ་ཉེན་ལ་མ་འཛེམ་པར་ཀྲུང་གུང་ བོད་ལས་དོན་ཨུ་ཡོན་ལྷན་ཁང་ལ་ངོ་ལོག་ཟིང་འཁྲུག་སློང་མཁན་གྱི་གནས་ཚུལ་བརྡ་ སྦྱོར་གནང་བ་མ་ཟད།ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ཕྱག་བྲིས་གནང་ནས་ངོ་ལོག་ཟིང་འཁྲུག་སློང་མཁན་དང་ཁ་བྲལ་ཏེ་ཐག་གཅོད་ཡང་དག་པ་གནང་རྒྱུའི་རེ་བ་གནང་།ཀྲུང་དབྱང་གིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་རྒྱུའི་ཐག་གཅོད་གནང་རྗེས།བོད་ རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡིན་པའི་ཁོང་ གིས་ཐུགས་ཐག་གཙང་བཅད་ཀྱི་སྒོ་ནས་ཀྲུང་དབྱང་གི་ཐག་གཅོད་ལག་ལེན་མཐར་ཕྱིན་ བསྟར་གནང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་བཞེངས་ ནས་བོད་མི་དམངས་ལ་འགོ་ཁྲིད་གནང་ཐོག་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་།དམངས་གཙོའི་བཅོས་སྒྱུར། དམངས་གཙོའི་སྲིད་དབང་འཛུགས་རྒྱུ་བཅས་ཀྱི་ནང་དུ་ཞུགས།དེ་ རྗེས་ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡུན་རིང་གནང་སྟེ་ཐོག་མཐའ་བར་ གསུམ་དུ་མེས་རྒྱལ་གོང་བུ་གཅིག་གྱུར་དང་ཕ་ཡུལ་འཛུགས་སྐྲུན་གྱི་དོན་དུ་འབད་ བརྩོན་གནང་།ལོ་ མང་རིང་གི་ལག་ལེན་འཐབ་རྩོད་ནང་ནས་ཁོང་ལ་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ དངོས་འབྲེལ་མཚོན་མཁན་དང་སྲུང་སྐྱོང་གནང་མཁན་ཀྲུང་གོ་གུང་ཁྲན་ཏང་མ་གཏོགས་ མེད་པ་དང་།མི་རིགས་ཁག་དར་རྒྱས་གོང་འཕེལ་འགྲོ་བའི་འགྲོ་ལམ་ཉག་ཅིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་རང་ཡིན་པའི་ཚོར་བ་ཟབ་མོ་བྱུང་།ཁོང་གིས་སྐུ་ངོ་མའི་མྱོང་གོམས་ཀྱི་ཐོག་ནས་བོད་རང་བཙན་ཟེར་བའི་ལོག་སྤྱོད་ཀྱི་ངོ་བོ་ཐེར་འདོན་གནང་།ཁོང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་གོང་འཕེལ་དང་བོད་རིགས་མི་དམངས་ཀྱི་འཚོ་བར་ཐུགས་འཁུར་གནང་ཞིང་།སྐུ་ ཉིད་ཀྱི་ལས་དབང་དང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་ཟུང་འབྲེལ་དམ་ཟབ་གནང་ཐོག་ ཡུན་རིང་གི་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་ནང་མའོ་ཙེ་ཏུང་དང་།ཏེང་ཞའོ་ཕིང་། ཅང་ཙེ་མིན།ཧུའུ་ཅིན་ཐའོ་སོགས་ཀྲུང་གུང་གི་འགོ་ཁྲིད་བློ་མཐུན་དང་མཛའ་བཤེས་ཟབ་མོ་ཆགས།

བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་རང་རྒྱལ་མི་རིགས་ལས་དོན་གྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ་ཡིན་ཅིང་།བོད་ ཞི་བས་བཅིངས་འགྲོལ་བཏང་རྗེས་ཁོང་གིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་ མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་གནང་ཐོག་བོད་ཀྱི་སྒྱུར་བཅོས་དང་འཛུགས་ སྐྲུན་བྱ་གཞག་ཁག་གི་ནང་དུ་ཧུར་ཐག་ཞུགས་ནས་བོད་གོང་འཕེལ་འགྲོ་རྒྱུར་སྐུལ་ འདེད་ཧུར་ཐག་གཏོང་བ་གནང་།ཁོང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་སྣེ་ ཁྲིད་ནས་སྲུང་སྐྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་གནང་ཐོག་གྲོས་མཐུན་ལ་བརྩི་ བཀུར་དང་གྲོས་མཐུན་ལག་བསྟར་བྱེད་མཁན་དེ་བས་མང་བར་མཐུན་སྒྲིལ་དང་བརྩོན་ལེན་ གྱིས་རྒྱལ་གཅེས་ཀྱི་སྟོབས་ཤུགས་གོང་འཕེལ་སྟོབས་ཆེར་གཏོང་བ་གནང་བ་དང་ཆབས་ཅིགནུས་ ཤུགས་ཡོད་རྒུ་བཏོན་ནས་གྲོས་མཐུན་ལ་གཏོར་བཤིག་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ སྟོབས་ཤུགས་དང་གཏམ་སྤྱོད་སྣ་ཚོགས་ལ་འཐབ་རྩོད་མཐའ་གཅིག་ཏུ་གནང་།༡༩༥༥ ལོའི་ཟླ་༣པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ ཡོན་ལྷན་ཁང་འཛུགས་རྒྱུའི་ཐག་གཅོད་གནང་ཞིང་ཁོང་གིས་གྲ་སྒྲིག་ཁྲུའུ་ཡི་ཁྲུའུ་ ཀྲང་གནང་།ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་འབད་བརྩོན་གནང་བའི་འོགབོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་རྒྱལ་ཁ་མཐར་ཕྱིན་པ་ཐོབ་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་བྱ་འཕུར་བ་ལྟར་གོང་འཕེལ་ཕྱིན།༡༩༦༥ལོ་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་ཤིང་།ཁོང་བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་རྗེས་སུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་བསྒྱུར་གི་ཀྲུའུ་ཞི་དང་ཐོག་ལ་བདམས་ཐོན་བྱུང་བ་དང་།རྗེས་ སུ་ཡུན་རིང་ནང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་གནང་ ནས་བོད་མི་དམངས་ལ་འགོ་ཁྲིད་དེ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱ་རྒྱུ་ དང་།སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེ་བྱ་རྒྱུའི་ལས་འགན་ལྕི་པོ་འཁུར་བ་གནང་།རྒྱལ་ ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཡིན་ པའི་ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་བཟོ་རྒྱུར་ཐེ་ཞུགས་དང་སྒྲིག་འཛུགས་གནང་།ཁོང་ གིས་འབད་བརྩོན་ཆེན་པོས་ཕྱག་ལས་ཏན་ཏིག་གནང་སྟེ་ཀྲུང་དབྱང་གི་མི་རིགས་ལས་དོན་ གྱི་དགོངས་དོན་ལག་ལེན་ཧུར་ཐག་བསྟར་ཐོག་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་ འབད་བརྩོན་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་ལས་ དོན་གྱི་བརྗོད་བྱ་གཙོ་བོ་དམ་པོར་བཟུང་ནས་འདྲ་མཉམ་དང་།མཐུན་སྒྲིལ། རོགས་རེས།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་ཧུར་ཐག་གནང་བ་དང་།མི་ རིགས་ས་ཁུལ་དང་རྒྱལ་ཡོངས་ས་གནས་ཁག་ཏུ་ཐེངས་མང་ཕེབས་ནས་རྟོག་ཞིབ་དང་བརྟག་ ཞིབ་གནང་སྟེ་མི་རིགས་ས་ཁོངས་རང་སྐྱོང་གི་འཕེལ་རིམ་ལ་སྐུལ་འདེད་དང་མི་རིགས་ ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་བདེ་བླག་ངང་ལག་བསྟར་ཡོང་བའི་འགན་ལེན་ཐོག་མི་ རིགས་ས་ཁུལ་གོང་འཕེལ་འགྲོ་བར་སྐུལ་འདེད་དང་།མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་ཆེད་དུ་ཐུགས་ནུས་ཆེན་པོ་འདོན་པ་གནང་།དུས་ རབས་༢༠པའི་ལོ་རབས་༨༠ཡི་དུས་མཇུག་ཏུ་རྒྱལ་སྤྱིའི་ཐོག་གི་དགྲར་འཛིན་སྟོབས་ ཤུགས་ཀྱིས་རྒྱབ་སྐྱོར་དང་རྒྱལ་ཕྱིར་ཡུལ་གྱར་སོང་བའི་བོད་ཀྱི་ཁ་ཕྲལ་རིང་ ལུགས་རུ་ཚོགས་ཀྱིས་ངན་སྐུལ་བྱས་པའི་འོག་ལྷ་སར་སྐབས་ཤིག་རིང་ཟིང་ཆ་ལངས།ཁོང་གིས་དར་ཆ་གསལ་སྟོན་གྱི་སྒོ་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་ནག་ཉེས་སྤྱོད་ངན་མཐའ་དག་ལ་ངོ་རྒོལ་གནང་།ཁོང་ གིས་བོད་ཀྱི་ས་གནས་ཁག་ཏུ་ཕེབས་ཏེ་རྟོག་ཞིབ་དང་བརྟག་ཞིབ་གནང་ཐོག་བོད་སྡོད་ བཅིངས་འགྲོལ་དམག་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཚམས་འདྲི་གནང་སྟེ་ བོད་ཀྱི་དུས་བབ་བརྟན་ལྷིང་ཡོང་བའི་དོན་དུ་ནུས་འབྲས་གཟེངས་སུ་ཐོན་པའི་ཕྱག་ ལས་འབོར་ཆེན་གནང་།པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས།ཁོང་ གིས་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱིས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ ངེས་སྲོལ་ལྟར་གསེར་བུམ་དཀྲུག་འདོན་དང་ཀྲུང་དབྱང་སྲིད་གཞུང་གི་ཞིབ་བཤེར་ཆོག་ མཆན་འཐོབ་དགོས་པའི་རྩ་དོན་ལ་བརྩི་སྲུང་ཞུས་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་ པོའི་ཡང་སྲིད་ངོས་འཛིན་གཏན་འཁེལ་ཞུ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་།༡༩༩༣ལོ་ནས་བཟུང་སྐབས་བཞི་བསྟུད་མར་ཁོང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་ཞིང་།ཁོང་ གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་བྱ་གཞག་ཁག་ལ་ཐུགས་འཁུར་ཆེ་བཞེས་གནང་ཐོག་ བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་གནད་དོན་གལ་ཆེན་ཐོག་སྦས་གསང་མེད་པར་སྐུ་ ཉིད་ཀྱི་དགོངས་འཆར་དང་གྲོས་འགོ་འདོན་པ་གནང་སྟེ་རང་རྒྱལ་གྱི་མི་རིགས་ལས་དོན་ དང་དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་དང་འཐུས་ཚང་ཡོང་བར་ སྐུལ་འདེད་གཏོང་ཆེད་སྐུ་ཚེ་གང་པོའི་ཐུགས་ནུས་ཡོད་རྒུ་འདོན་པ་གནང།

བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་སྤྱི་ཚོགས་ཀྱི་མཛད་སྒོ་གནང་མཁན་གྲགས་ཅན་ཡིན་ཅིང་།ཁོང་ གིས་ཡུན་རིང་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ ཀྲང་གཞོན་པ་དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གནང་སྟེ་ འགན་འཁྲི་ནན་ཏན་འཁུར་བ་གནང་ཐོག་ཚོགས་འདུ་སྣ་ཚོགས་ལ་ཞུགས་པ་དང་འབྲེལ་གཙོ་ སྐྱོང་གནང་བ་དང་།ལས་དོན་ཁག་སྒྲུབ་འགན་ཧུར་ཐག་བཞེས་པ།མི་ དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་ བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་དྲིལ་བསྒྲགས་ནང་ ཧུར་ཐག་ཞུགས་པ།བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས།ཆོས་ལུགས་བཅས་ཀྱི་སྲིད་ཇུས་དང་མཛད་ཕྱོགས་སྲིད་ཇུས་ཆེ་ཁག་ལ་བརྩི་བཀུར་དང་ལག་ལེན་མཐར་ཕྱིན་བསྟར་བ།སྤྱི་ ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་དམངས་གཙོ་ཁྲིམས་ལུགས་ཀྱི་ འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་གནང་ནས་མི་དམངས་འཐུས་མི་ཚོགས་ ཆེན་གྱི་ལམ་ལུགས་དང་།ཀྲུང་ གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ ལུགས་རྒྱུན་འཁྱོངས་དང་འཐུས་ཚང་ཡོང་བའི་ཆེད་དུ་ལེགས་སྐྱེས་གལ་ཆེན་འབུལ་བ་ གནང་།ཁོང་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་རྣམ་གཉིས་ཀྱིས་ཐུན་མོང་ཐོག་དམངས་ཁྲོད་ཀྱི་དགེ་ལས་རྩ་འཛུགས་བོད་སྐྱོར་ཐེབས་རྩ་ལྷན་ཚོགས་ཞེས་པ་འཛུགས་པ་གནང་བ་དང་འབྲེལ་ལས་འཛིན་པ་གཙོ་བོའི་ཐུགས་འགན་ཡང་བཞེས་ནས་བོད་ཀྱི་དཔལ་འབྱོར་དང་།རིག་གནས། སློབ་གསོ།སྐད་ཡིག་བཅས་གོང་འཕེལ་གཏོང་རྒྱུའི་ཆེད་དུ་ཕྱོགས་གང་ས་ནས་འཆར་འགོད་གནང་།ཁོང་ གིས་རྒྱལ་སྤྱིའི་མཛའ་གྲོགས་སྤེལ་རེས་ཀྱི་མཛད་སྒོའི་ནང་ཐེ་ཞུགས་ཧུར་ཐག་གནང་ སྟེ་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་བོད་ཡར་ཐོན་གོང་འཕེལ་འགྲོ་ཚུལ་དྲིལ་ བསྒྲགས་ཤུགས་ཆེ་དང་།ཀྲུང་ ཧྭའི་མི་རིགས་ཁག་དབར་འོ་ཆུ་འདྲེས་པ་ལྟར་སུ་ཡང་སུ་དང་འབྲལ་ཐབས་མེད་པའི་ལོ་ རྒྱུས་ཀྱི་འབྲེལ་བ་དང་ད་ལྟའི་འབྲེལ་བ་དྲིལ་བསྒྲགས་ཤུགས་ཆེ་གནང་ནས་ཁ་ཕྲལ་ རིང་ལུགས་ཀྱི་གཏམ་སྤྱོད་ལ་དགག་པ་བསྐྱོན་པས་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་ གི་གྲོགས་པོ་ཚོའི་བརྩི་འཇོག་ཐོབ།ཁོང་ གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་མཐོང་ཆེན་གནང་སྟེ་ བོད་ཀྱི་ཕུལ་བྱུང་རིག་གནས་སྲུང་སྤེལ་བྱ་རྒྱུར་ཐུགས་ནུས་ཆེན་པོ་འདོན་པ་གནང་།༢༠༠༤ ལོར་བོད་ཀྱི་རིག་གནས་ལ་ཐུགས་འཁུར་དང་དགའ་ཞེན་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་མི་ སྣ་ཁག་གཅིག་གིས་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་ བཙུགས་ཤིང་།སྤྱི་ཚོགས་ལས་རིགས་ཁག་གིས་འོས་སྦྱོར་གནང་བའི་འོགཁོང་ གིས་སྐུ་ན་མཐོ་ཞིང་སྐུ་གཟུགས་ཞན་པར་མ་འཛེམ་པར་སྐུ་ངོ་མས་ཚོགས་གཙོའི་ཐུགས་ འགན་བཞེས་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་ཚུལ་ངོ་མ་དྲིལ་བསྒྲགས་དང་།རྒྱལ་ ཁབ་ཕྱི་ནང་དང་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་སྐུལ་སློང་གནང་སྟེ་བོད་ ཀྱི་རིག་གནས་སྲུང་སྤེལ་བྱ་རྒྱུར་མུ་མཐུད་དེ་འབད་བརྩོན་ལྷོད་མེད་གནང་།ཡུན་ རིང་ནང་ཁོང་གིས་མཛད་སྤྱོད་ངོ་མ་དང་འབད་པ་ལྷུར་ལེན་གྱི་ཕྱག་ལས་ལ་བརྟེན་ནས་ མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས་ཚོའི་རྒྱ་ཁྱབ་ཀྱི་ཡིད་ཆེས་དང་དགའ་ཞེན་ ཐོབ།

བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་བོད་ཀྱི་རྒྱལ་གཅེས་ཡར་ཐོན་མི་སྣའི་ནང་གི་ཁྱད་དུ་འཕགས་པའི་ཚབ་མཚོན་པ་ཞིག་དང་།ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་དང་གྲངས་ཉུང་མི་རིགས་ཀྱི་མི་སྣའི་དར་ཆ་ཞིག་ཡིན།ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་འགན་སེམས་ཧ་ཅང་ཆེན་པོ་བཅངས་ཐོགཐོག་ མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་དམངས་ཀྱི་ལངས་ཕྱོགས་ཐོག་བཞེངས་ནས་ཀྲུང་གོ་ གུང་ཁྲན་ཏང་དང་གཅིག་སེམས་གཅིག་གཏད་དང་ཁྲེལ་གྲགས་མཉམ་འཁུར་གནང་ཡོད།ཁོང་གིས་བདེན་དོན་བརྩོན་གཉེར་དང་དམ་བཅའ་འགྱུར་མེད་གནང་བའི་བླ་ན་མེད་པའི་སྙིང་སྟོབས་དང་།མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་གནང་བའི་རྒྱལ་གཅེས་ཀྱི་བཞེངས་ཕྱོགས།དོ་ དོ་ཏན་ཏན་དང་ནུས་སྟོབས་ཡོད་རྒུ་འདོན་པ་གནང་བའི་ཕུལ་བྱུང་གི་གཤིས་བཟང་སོགས་ ནི་ང་ཚོས་དུས་ནམ་ཡང་གུས་བཀུར་དང་སློབ་སྦྱོང་ཞུ་འོས་པ་ཞིག་ཡིན།