གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ།
མཁས་མང་བློ་གསལ་བྱེ་བའི་གླིང་གྲ་ཚང་གི་གཙུག་ལག་ཁང་།།
༼དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་བསྟན་ཉི་མ་མཆོག།༽ ༼ བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག།༽
མི་འཇིགས་གདོང་ལྔས་བཏེག་པའི་ཆོས་ཀྱི་ཁྲིར།།
མི་འགྱུར་གཡུང་དྲུང་གཡས་སུ་འཁྱིལ་བའི་སྟེང་།།
མི་གཤིག་རྡོ་རྗེ་སྐྱིལ་ཀྲུང་རྟག་བཞུགས་ནས།།
མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་གྱུར་ཅིག།
ཐུབ་བསྟན་གསལ་མཛད་ཚུལ་ཁྲིམས་ཉི་མའི་སྲས་།།
གྲབ་པའི་དབང་ཕྱུག་ཡེ་ཤེས་རབ་རྒྱས་ཀྱི་།།
སྐྱེ་རབས་འཛིན་པ་ཐུབ་བསྟན་ཉི་མ་མཆོག་།།
ལུང་རྟོགས་བསྟན་འཛིན་ནོར་བུ་གཙུག་ན་རྒྱལ་།།
ཧི་མ་ལ་ཡའི་ཆོས་རིགས་འཛིན་སྐྱོང་ཚོགས་པས་གོ་སྒྲིགས་འོག་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་ཕྱི་ཚེས་༢༤སྔ་དྲོ་ཕྱག་ཚུད་༡༠ པའི་ཐོག་རི་ རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་དགའ་ལྡན་གསེར་ཁྲིར་ལ་ཕེབས་པར་ཧི་མ་ལ་ཡའི་མི་མང་དང་རྒྱ་གར་བ་བོད་རིགས་བཅས་ནས་ཆེས་བསྟོད་མཛད་སྒོ་ཞིག་ཚོགས་ཡོད་འདུག་རྟེན་འབྲེལམཛད་སྒོ་དེའི་ཐོག་་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། ཧི་མ་ཅལ་མངའ་སྡའི་བློན་ཆེན་ཟུར་པ། རྒྱ་གར་གྲངས་མི་རིགས་ཀྱི་འཐུས་མི་ཚེ་རིང་བསམ་འཕེལ་མཆོག། བློ་ཆོས་རིན་པོ་ཆེ་མཆོག། འཚོ་ན་རེན་པོ་ཆེ་མཆོག། བཀའ་འགྱུར་རེན་པོ་ཆེ་མཆོག། དེ་བཞིན་རང་གཞུང་སྐུ་ཚབ་སྐུ་ངོས་བསྟན་པ་ཚེ་རིང་མཆོག་གཙོ་བོ་བྱས་པའི་མི་གྲངས་༥༠༠ལྷག་འདུལ་འཛོམས་བྱུང་ཡོད་འདུད། རྟེན་འབྲེལམཛད་སྒོ་དེའི་ཐོག་མར་ཧི་མ་ལ་ཡའི་ཆོས་འཛིན་སྐྱོང་ཚོགས་པའི་འགན་འཛིན་འཚོ་ན་རེན་པོ་ཆེ་མཆོག་ནས་གསུངས་དོན་འདས་པའི་བོད་ཀྱི་ལོ་རྒྱུས་ནང་ཆོས་རྒྱུད་ཆེན་པོ་བཞིའི་ནང་ནས་རི་བོ་དགེ་ལྡན་པའི་གསེར་ཁྲི་ལྟར་བུ་༡༠༢ བྱུང་ཡོད་པ་དང་དེ་ཡང་དེ་རིང་ཧི་མ་ལ་ཡའི་མི་རིགས་ཡིན་པ། ལྷག་པ་ཏུ་བོད་དང་ས་འབྲེལ་ཡིན་པར་ལ་དགས་བ་རི་ རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་དགའ་ལྡན་གསེར་ཁྲིར་མངའ་གསོལ་མཛད་པར་ནི་ཧི་མ་ལ་ཡའི་མི་རིགས་ཚོའི་ལོ་རྒྱུས་གསར་པ་དང་ཤིན་ཏུ་ནས་དགའ་ཚོ་ཆེ་པོ་བྱུང་ཅེས་གསུངས། དེ་བཞིན་བློ་ཆོས་རིན་པོ་ཆེ་མཆོག་ནས་དགའ་ལྡན་ཁྲི་པའི་ལོ་རྒྱུས་དང་བསྒྲགས་ནས་གསུངས་དོན། ཧི་མ་ལ་ཡའི་མི་རིགས་ཡིན་པ་ཞིག་དགའ་ལྡན་གསེར་ཁྲིར་ཕེབས་པ་དེ་སྔོན་གཅིག་མ་རྟོགས་བྱུང་མེད། དེ་རིང་ཡིན་་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་རྒྱ་གར་གྱི་ཁོང་སུ་རྟོགས་པའི་ཧི་མ་ལ་ཡའི་མི་རིགས་ཐེངས་གཉིས་པ་དེ་རེད། འདི་ང་ཚོ་ ཤིན་ཏུ་ནས་དགའ་ཚོ་ཆེ་པོ་སྐྱེ་འོས་པ་ཞིག་རེད་ཅེས་གསུངས། དེ་བཞིན་བཀའ་འགྱུར་རིན་པོ་ཆེ་མཆོག་ནས། བོད་ཀྱི་ལོ་རྒྱུས་ནང་ཆོས་ལུགས་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་སྟངས་མཐུན་མོང་མིན་པ་ཞིག་ཡོད་པ་རེད་ཅེས་ལོ་རྒྱུས་དང་བསྒྲགས་ནས་གསུངས་དོན། ད་སྐབས་རྒྱ་གཞུང་གིས་བོད་ཀྱི་གསོ་རྒྱུན་གཏོར་གཤིགས་བཏང་བཞིན་པ་རེད། ངས་རེ་བཀུར་ཞུ་དོན་དེ་དག་ལ་ཧི་མ་ལ་ཡའི་མི་རིགས་ཚོའི་དོ་སྣང་བྱེད་དགོས་ཅེས་དང་རི་ རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་དགའ་ལྡན་གསེར་ཁྲིར་མངའ་གསོལ་མཛད་པར་འཚམས་འདྲི་དང་རྟེན་འབྲེལ་ཞུ། དེ་བཞིན་རྒྱ་གར་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚེ་རིང་བསམ་འཕེལ་མཆོག་ནས་དེ་རིང་རིན་པོ་ཆེ་མཆོག་སྤྱང་པའི་ཡོན་ཏན་གྱི་ཐོག་ནས་བོད་ཀྱི་ཆོས་ལུགས་ཆེན་པོ་བཞིའི་ནང་ནས་རི་བོ་དགེ་ལྡན་པའི་གོ་གནས་ཆེན་པོ་ཐོབ་པར་དགའ་བསུ་ཞུས་ཤིང་ཧི་མ་ལ་ཡའི་མི་རིགས་ཚོའི་བོད་ཀྱི་སྐད་ཡིག་རྒྱ་གར་དབུས་གཞུང་གི་ངོས་ལེན་ཡོང་བར་འབུལ་བཀུར་ཞུས་པར་ད་ལྟ་རྒྱ་གར་ལ་དགས་ཀྱི་མི་རིགས་ཡིན་པ་ཞིག་བོད་ཀྱི་ཆོས་ལུགས་ཀྱི་གོ་གནས་མཐོ་པོར་ཐོབ་པ་འདའི་རྒྱ་གར་གཞུང་ནས་ངོས་ལན་བྱེད་པར་ཕན་ཐོག་ཆེ་པོ་ཡོང་གི་རེད་ཅེས་གསུངས། དེ་ཡང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་མཆོག་ནས། ང་རང་འདས་པའི་ལོ་རྒྱུས་ནང་བོད་མི་རིགས་དང་ལྷག་པ་ཏུ་༧གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་ཡོད་པ་བཞིན་རང་ཉིད་ནས་ཧིན་འདུའི་ཆོས་ལུགས་དང་ནང་ཆོས་ཀར་ལ་དད་མོས་དང་ཉམས་ལེན་བྱེད་བཞིན་ཡོད་ཅེས་དང་ད་ལྟ་རྒྱ་མི་རིགས་ཡིན་པ་ཞིག་བོད་ཀྱི་ཆོས་ལུགས་ཀྱི་གོ་གནས་ཆེན་པོ་ཐོབ་པར་དགའ་བསུ་དང་གང་འགྱོགས་བོད་ནང་དུ་རང་དབང་གི་ཉི་མ་འཆར་བའི་སྨོན་འདུན་ཡོད་ཅེས་གསུངསདེ་བཞིན་བོད་གཞུང་སྐུ་ཚབ་སྐུ་ངོས་བསྟན་པ་ཚེ་རིང་མཆོག་ནས་མཛད་སྒོའི་ཐོག་འཚམས་འདྲི་གསུངས་བཤད་གནང་བ་དང་མཐའ་རྒྱ་གར་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཟུར་པ་བླ་མ་ཆོས་འཕེལ་བཟོད་པ་མཆོག་ནས་དེ་རིང་མཛད་སྒོའི་ཐོག་ཚོགས་ཕེབས་པ་ཡོང་ལ་ཐུགས་རྗེ་ཞུས་ནས་རྟེན་འབྲེལ་མཛད་སྒོ་གྲོལ་ཡོད་འདུག།