ང་དང་ཁྱེད་གཅིག་ཡིན།
ང་ཡིས་ཁྱེད་ལ་བརྟག་ནས་སྐྱོན་མི་འདྲི།།
ང་ཡིས་ཁྱེད་རང་མཇལ་དུས་ཁྲོ་མི་བརྩོང་།།
ང་ཡིས་ཁྱེད་རང་འགྲོག་དུས་གཡོ་མི་བྱེད།།
ང་འདི་ང་རང་ཡིན་པས་ཁྱེད་རང་མིན།།
ཁྱེད་ལ་ཁྱེད་ཀྱི་རྣམ་དཔྱོད་ཐུར་མེད་ཅིག།
ཁྱེད་ལ་ཁྱེད་ཀྱི་རྩོམ་གཤིས་བརྟན་པོ་ཞིག།
ཁྱེད་ལ་ཀུན་གྱིས་དགའ་བའི་རང་གཤིས་ཤིག།
ཁྱེད་འདི་ཁྱེད་རང་ཡིན་པས་ང་རང་མིན།།
ཡིན་ཡང་ཁྱེད་དང་ང་ཡི་བར་ཐག་ན།།
འགྲོ་བ་མི་ཞེས་ཟེར་བའི་ཐ་སྙད་ཅིག།
ནང་དགོས་བོད་པ་ཟེར་བའི་རིགས་ཞེན་ཞིག།
དེ་ཉིད་བསམ་ན་འུ་གཉིས་གཅིག་པ་ཡིན།།
