ལོ་གསར་པའི་རེ་སྨོན་འགའ།
གཉིས་པ།བོད་དོན་བདེན་མཐའ་མྱུར་དུ་གསལ་བར་མེད་དུ་མི་རུང་བའི་བཙན་བྱོལ་གཞུང་དམངས་གཉིས་གང་ཅིའི་ཐད་ནས་ཕྱི་དགྲ་ལ་རྒོལ་ཐུབ་པའི་ནུས་ལྡན་གྱི་གཞུང་ཞིག་ཆགས་པ་དང༌།ནང་དགྲའི་གེགས་སྣ་ཚོགས་ཤེས་རབ་རྩལ་གྱིས་རང་སར་ཞི་ཐུབ་པའི་རེ་སྨོན།
གསུམ་པ། མ་ཡུལ་དུ་གནས་པའི་སྤུན་མཆེད་གཙོས་པའི་གཞིས་ལུས་བོད་མི་རྣམས་བཙན་པོའི་དྲ་ནས་ཐར་ཞིང༌། རང་སྲུང་དང་གཉའ་གནོན་བརྒལ་ཐབས་ཀྱི་བློ་གྲོས་གསར་པ་ཉིན་རེ་ནས་ཉིན་རེ་ལྟར་དབྱར་ཆུ་བཞིན་རྒྱས་པའི་རེ་བ་དང༌། དྲག་པོའི་བཙན་ཤེད་ཀྱི་སྡུག་བསྔལ་མྱོང་བཞིན་པའི་མི་ཡོངས་རྙི་དྲ་ནས་མྱུར་དུ་ཐར་ཞིང༌། བོད་གཞིས་བྱེས་གཉིས་ལྷན་དུ་འཛོམས་པའི་རེ་སྨོན།
བཞི་པ།འཇིག་རྟེན་པའི་ཁྱིམ་གཞིའི་འགན་སྣ་ཚོགས་དོགས་མེད་འཁྱེར་ཞིང་།ལྷག་བསམ་དང་དྲང་བདེན་གྱི་ནུས་པ་རྒྱས་པ།སྡུག་བསྔལ་མཐའ་དག་ཞི་ཐབས་ལ་ཤེས་རབ་ཀྱི་ཕྱུག་པ།བྱང་བརྩེ་དངས་མས་དམ་དུ་སྒྲིལ་བའི་འགྲོ་བ་ཡོངས་ལུས་སེམས་གཉིས་ཀྱི་སྡུག་བསྔལ་ནས་གྲོལ་ནས་བདེ་སྐྱིད་ཀྱི་འཚོ་བ་ཡོང་བའི་རེ་སྨོན།
ལྔ་པ།བརྩེ་བའི་ཡུམ་ཆེན་ཁོང་ཕྱི་མའི་ལམ་དུ་མ་བཞུར་སྔོན།ཁོང་མོའི་ཚེ་གཅིག་གི་ཕུག་འདུན་ཇི་བཞིན་ངེད་མ་སྨད་གཉིས་དང་སྤུན་མཆེད་རྣམས་མྱུར་ནས་ཐེངས་གཅིག་མ་གཏོགས་མ་བྱུང་ཡང༌ཕན་ཚུན་མཇལ་ཐུབ་པའི་རེ་སྨོན།

